ཚན་རྩལ་ལ་བརྟེན་པའི་འཚོ་བ་མཛེས་སྡུག་ལྡན།
ཟླ་9ཚེས་8ཉིན། རིག་ནུས་འགྲེམས་ཚོགས་ཐོག་འཕྲུལ་མི་ཞིག་གིས་གྲོགས་པོ་ཆུང་ཆུང་ལ་ལག་པ་གཏོང་བཞིན་པ།
ཟླ་9ཚེས་5ཉིན། ལྟད་མོ་བས་རིག་ནུས་འགྲེམས་ཚོགས་ཐོག་ཐད་ཀར་འཕུར་འབབ་ཐུབ་པའི་འཕུར་སྐྱོད་འཕྲུལ་ཆས་ལ་ལྟ་བཞིན་པ།
ཟླ་9ཚེས་7ཉིན། འཕྲུལ་ཁྱི་ཞིག་གིས་རིག་ནུས་འགྲེམས་ཚོགས་ཐོག་རྩལ་ནུས་སྟོན་བཞིན་པ།
ཟླ་9ཚེས་5ནས་ཚེས་8ཉིན་བར། 2025ལོའི་འཛམ་གླིང་རིག་ནུས་ཐོན་ལས་འགྲེམས་ཚོགས་ཁྲུང་ཆིང་དུ་འཚོགས་པ་རེད། སྐབས་འདིའི་རིག་ནུས་འགྲེམས་ཚོགས་ཀྱིས“མི་ཐབས་རིག་ནུས+”དང“རིག་ནུས་དྲ་སྦྲེལ་ནུས་རྒྱུ་གསར་པའི་རླངས་འཁོར”ལོ་འཁོར་མོའི་བརྗོད་དོན་གཙོ་བོར་བྱས་ཡོད།
རིག་ནུས་འགྲེམས་ཚོགས་ཐོག་མི་རྣམས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ལག་རྩལ་གསར་པ་དང་། ཐོན་རྫས་གསར་པ། ལྗོངས་རྣམ་གསར་པ་རབ་དང་རིམ་པ་བསྟན་ནས་ལྟད་མོ་བ་ཚོས“རིག་ནུས་ཚན་རྩལ་ལས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བར”ཉམས་ལེན་ཟབ་མོ་ཡོང་ཐུབ་པ་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།