ཧའེ་དབྱང་ཉིང་རྡུལ་གློག་ཁང་གི་འཕྲུལ་ཙུའུ་ཨང་4པའི་ཉིང་རྡུལ་གླིང་ཕྲན་གྱི་ལྕགས་ཀྱི་ཐོག་ཁེབས་བདེ་འཇགས་ངང་དབོར་བ།
ཟླ་9ཚེས་6ཉིན། རྒྱལ་ཁབ་གློག་ཤུགས་མ་འཇོག་ཧྲན་ཏུང་ཧའེ་དབྱང་ཉིང་རྡུལ་གློག་ཁང་གི་འཕྲུལ་ཙུའུ་ཨང་4པའི་རྡུལ་ཕྲན་ནུས་འདོན་སྒྲིག་ཆས་བཟོ་གྲྭའི་ཐོག་ཁེབས་བདེ་བླག་ངང་བཀབ་པ་དེ་ལས་ཉིང་རྡུལ་གླིང་ཕྲན་དེའི་འཛུགས་སྐྲུན་ལས་དོན་ཨར་ལས་ནས་སྒྲིག་ཆས་སྒྲིག་སྦྱོར་གྱི་དུས་མཚམས་སུ་སླེབས་པ་མཚོན་གྱི་ཡོད། སྐྲུན་བཞིན་པའི་ཧའེ་དབྱང་ཉིང་རྡུལ་གློག་ཁང་གི་འཕྲུལ་ཙུའུ་ཨང་3པ་དང་4པ་ནི་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ཤིག་ཡིན་པ་དང་། 2027ལོར་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་རྒྱུ་རེད། འདི་ནི་ཧའེ་དབྱང་ཉིང་རྡུལ་གློག་ཁང་གི་འཕྲུལ་ཙུའུ་ཨང་4པའི་ཉིང་རྡུལ་གླིང་ཕྲན་གྱི་ལྕགས་ཀྱི་ཐོག་ཁེབས་བདེ་འཇགས་ངང་དབོར་བཞིན་པ།
འབྲེལ་ཡོད་གསར་འགྱུར།