དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྟ་རྩལ་འགྲན་བསྡུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-09

    ཟླ་9ཚེས་5ཉིན། དུས་ཡུན་ཉིན་གསུམ་གྱི་2025ལོའི་ནག་ཆུ་གྲོང་ཁྱེར་གྱི་འཆར་ཅན་རྟ་རྒྱུག་དུས་ཆེན་ནག་ཆུ་གྲོང་ཁྱེར་གེ་སར་རྟ་རྒྱུག་ཐང་དུ་འགོ་ཚུགས་ཤིང་། རྟ་རྒྱུག་དུས་ཆེན་ལ་སྲོལ་རྒྱུན་གྱི་རྟ་རྒྱུག་རྣམ་གྲངས་ཕུད་ད་དུང་རྡོ་འགྱོགས་དང་། འུར་རྡོ། ཐག་འཐེན། གཉའ་གཅོག་སོགས་མི་རིགས་ཀྱི་ཁྱད་ཆོས་ཆེན་པོ་ལྡན་པའི་མང་ཚོགས་རང་བཞིན་གྱི་ལུས་རྩལ་རྣམ་གྲངས་མང་དུ་བཏང་ནས། ཞིང་འབྲོག་མང་ཚོགས་ལ་འཇོན་ཐང་ངོམ་ས་དང་རྩལ་ནུས་འགྲན་སའི་སྟེགས་བུ་ཞིག་བསྐྲུན་ཡོད་པ་རེད།

    འདི་ནི་ཟླ་9ཚེས་6ཉིན་བདམས་ཐོན་པ་ཚོས་རྟ་རྒྱུག་འགྲན་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།