དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • “ཤ་ཚལ་སྒོང་གསུམ”ལ་ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-09

    འདི་ནི་མལ་གྲོ་གུང་དཀར་རྫོང་དེང་རབས་ཞིང་ལས་ཐོན་ལས་གླིང་གི་ལས་མིས་དྲོད་ཁང་ཆེན་པོར་སྔོ་ཚལ་ལ་གཡོག་བྱེད་བྱེད་བཞིན་པ།

    འདི་ནི་མལ་གྲོ་གུང་དཀར་རྫོང་དེང་རབས་ཞིང་ལས་ཐོན་ལས་གླིང་གི་དྲོད་ཁང་ཆེན་པོའི་ཟུར་ཞིག་ཡིན་པ།

    ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དེང་རབས་ཞིང་ལས་ཐོན་ལས་གླིང་གི་རིག་ནུས་དྲོད་ཁང་ཆེན་པོར་སྐྱོད་སྐབས། སྔོ་ཚལ་དང་ཤིང་ཏོག་སྣ་ཚོགས་སྐྱེ་ཚུལ་ཡག་པོ་ཡོད་ཅིང་། ཤེས་རྟོགས་བྱུང་བར་གཞིགས་ན། མལ་གྲོ་གུང་དཀར་རྫོང་དེང་རབས་ཞིང་ལས་ཐོན་ལས་གླིང་གི“ཤ་ཚལ་སྒོང་གསུམ”གྱི་ལས་གྲྭའི་དུས་ཐེངས་གཉིས་པའི་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་6000བཏང་བ་དང་། གསར་དུ་བསྐྲུན་པའི་རིག་ནུས་དྲོད་ཁང་ཆེན་པོ་61ལ་སྔོན་ཐོན་གྱི་ལག་རྩལ་དང་དོ་དམ་བྱེད་སྟངས་སྤྱད་པས། སྔོ་ཚལ་དང་ཤིང་འབྲས་ཀྱི་སྤུས་ཀ་ལེགས་སུ་ནུས་ལྡན་ཕྱིན་པ་མ་ཟད། མཐའ་འཁོར་གྱི་མང་ཚོགས་ཀྱང་ལས་ཞུགས་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།