གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས།
བྱ་ཐབས་སྣ་མང་སྤྱད་དེ“རྒན་གཅིག་ཆུང་གཅིག”གི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ།
འདི་ནི་པ་སྣམ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་མེ་ཟོན་དྲིལ་བསྒྲགས་པས་ཁོངས་གཏོགས་ཁུལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་མེ་ཟོན་བདེ་འཇཌ་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།
འདི་ནི་གྲོ་མོ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་གྲོ་མོ་རྫོང་སྐད་གཉིས་བུ་བཅོལ་ཁང་དུ་མེ་ཟོན་ནང་སྦྱོང་བྱེད་བཞིན་པ།
འདི་ནི་ངམ་རིང་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་མེ་ཟོན་དྲིལ་བསྒྲགས་པས་དམངས་སྲིད་སྡེ་ཚན་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་སུ་བསྐྱོད་ནས་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་བཞིན་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་རུ་ཁག་གིས་དྲིལ་བསྒྲགས་བྱ་ཡུལ་གཅོ་བོ་ཤང་དང་གྲོང་རྡལ་གྱི་བུ་བཅོལ་ཁང་དང་། སློབ་ཆུང་། རྒན་གསོ་ཁང་སོགས་དམིགས་བསལ་ཁུལ་ལ་བྱས་ནས། “ཤེས་བྱ་འཆད་ཁྲིད་དང་། མངོན་མེད་རྐྱེན་ངན་གྲལ་བཤེར། དངོས་ཐབས་ནང་སྦྱོང”བཅས་ཟུང་དུ་སྦྲེལ་བའི་ཕྱོགས་བསྡུས་ཅན་གྱི་དྲིལ་བསྒྲགས་བྱ་ཐབས་སྤྱད་པར་བརྟེན། “རྒན་གཅིག་ཆུང་གཅིག”ཚོགས་སྤྱིའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་རང་འགོག་རང་སྐྱོབ་ཀྱི་འཇོན་ཐང་ཆེ་རུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།