དབུ་ཤོག>པར་མཛོད།>པར་མཁན།
  • མཚོ་སྔོན་གོར་མོས་ནུས་རྒྱུ་གཙང་མར་བརྟེན་ནས་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-06

    ཟླ་9ཚེས་3ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་དུ་གནས་པའི་ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་མཚོ་ནུབ་ཀྲོའུ་ནུས་མང་གསབ་རེས་འདུས་གྲུབ་ལེགས་སྒྱུར་གྱི་དཔེ་སྟོན་ལས་གྲྭ་ནི་འོད་མདངས་འཚེར་བའི་མུ་ཏིག་ཅིག་དང་འདྲ་བར་ས་མཐོའི་ས་གཞི་ཆེན་པོར་འོད་སྣང་རབ་ཏུ་འཚེར་བཞིན་ཡོད། འདི་ནི་འཛམ་གླིང་གི“རླུང་ནུས་དང་། འོད་ཤུགས། ཚ་ནུས། གསོག་ནུས། ཐེག་ཚད་སྙོམ་སྒྲིག”བཅས་གཞི་གཅིག་ཏུ་འདུས་པའི་ནུས་མང་གསབ་རེས་དང་ཚན་རྩལ་གསར་གཏོད་ཀྱི་རྣམ་གྲངས་དང་པོ་དེ་ཡིན་པ་མ་ཟད། གོར་མོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་དེ་བས་ཀྱང་རེད།



    པར་འདི་དག་ནི་མཁའ་དབྱིངས་ནས་པར་བརྒྱབ་པའི་ཀྲུང་གོ་ལྗང་མདོག་འཕེལ་རྒྱས་མཚོ་ནུབ་ཀྲོའུ་ནུས་མང་གསབ་རེས་འདུས་གྲུབ་ལེགས་སྒྱུར་རྒྱལ་ཁབ་ཀྱི་དཔེ་སྟོན་ལས་གྲྭ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།