བོད་ཀྱིས་ཐེ་ཆོན་ཏའོ་རུ་ཁག་སྒྲིག་འཛུགས་བྱས་ནས་ཐེངས་དང་པོར་རྒྱལ་ཡོངས་དབང་སྐྱོན་ལུས་རྩལ་འགྲན་ཚོགས་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ལ་ཞུགས་པ།
གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཉེ་དུས་བོད་རང་སྐྱོང་ལྗོངས་ཐེ་ཆོན་ཏའོ་མཐུན་ཚོགས་ཀྱིས་རྒྱལ་ཡོངས་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་ཐེ་ཆོན་ཏའོ་རྣམ་གྲངས་འགྲན་བསྡུར་ལ་གྲ་སྒྲིག་བྱེད་བཞིན་ཡོད་ཅིང་། དེ་ནི་བོད་ཀྱིས་རང་ཡུལ་གྱི་ལུས་རྩལ་པ་སྒྲིག་འཛུགས་བྱས་ནས་འགྲན་བསྡུར་ལ་ཞུགས་ཐེངས་ཐོག་མ་དེ་རེད། མིག་སྔར་རྣ་ཤེས་ཉམས་པའི་ལུས་རྩལ་པ་3དང་ཡན་ལག་སྐྱོན་ཅན་གྱི་ལུས་རྩལ་པ་1གིས་བཀག་སྡོམ་མཉམ་སྦྱོང་བྱེད་བཞིན་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་ལུས་རྩལ་པ་ཟླ་9ཚེས་9ཉིན་ནས་ཚེས་14ཉིན་བར་སྐབས་འདིའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཐེ་ཆོན་ཏའོ་རྣམ་གྲངས་འགྲན་བསྡུར་ལ་ཞུགས་རྒྱུ་རེད། འདི་ནི་བོད་ཀྱི་ཐེ་ཆོན་ཏའོ་ལུས་རྩལ་པ་ཚེ་རིང་ཕུན་ཚོགས་དང་། ཀརྨ་རྡོ་རྗེ། ལི་དབྱང་དབྱང་། སྒྲོལ་མ་ཆུང་བ་བཅས་ཡིན་པ། (གཡོན་ནས་གཡས་བར)
འབྲེལ་ཡོད་གསར་འགྱུར།