དབུ་ཤོག>པར་མཛོད།>པར་མཁན།
  • ཁྲུང་ཆིང་དུ་རྟེན་མཛོད་ཁང་ལ་ལྟ་སྐོར་བྱས་ནས་རི་འགོག་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-03

    ཉེ་ཆར། ཁྲུང་ཆིང་གྲོང་ཁྱེར་ཁའེ་ཀྲོའུ་ཆུས་མི་དམངས་ཁྲིམས་ཁང་གིས་ཁའེ་ཀྲོའུ་ཆུས་ཝུན་ཧྥུང་སློབ་ཆུང་དང་མཉམ་འབྲེལ་ཐོག་ཁའེ་ཀྲོའུ་ཆུས་ཡུས་ཆིང་རྟེན་མཛོད་ཁང་དུ“གསར་བརྗེའི་དྲན་ཤེས་ལ་ཁྲིམས་སྐྱོང་གིས་སྲུང་སྐྱེལ་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད། ཁྲིམས་དཔོན་དང་རྟེན་མཛོད་ཁང་གི་འགྲེལ་བཤད་པའི་ཁྲིད་སྟོན་འོག སློབ་གྲོགས་ཚོས“ལྟ་སྐོར་དང་སློབ་ཚན་ཟུང་དུ་འབྲེལ་བའི”བྱེད་ཐབས་བརྒྱུད་རི་འགོག་དམག་འཁྲུག་གི་ལོ་རྒྱུས་སློབ་སྦྱོང་གཏིང་ཟབ་དང་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་པས། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དང་ཁྲིམས་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད། འདི་ནི་ཉིན་དེར་ཡུས་ཆིང་རྟེན་མཛོད་ཁང་དུ་སློབ་གྲོགས་ཚོས་རི་འགོག་དམག་འཁྲུག་གི་ལོ་རྒྱུས་ཉན་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།