དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • པར་རིས་གསར་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-03

    ཉེ་ཆར། ཚོང་དོན་པུའུ་དང་ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན་དང་དེ་བཞིན་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འགྲེམས་ཚོགས་སྐབས་བདུན་པ(གཤམ་དུ་ཀྲུང་ཨ་འགྲེམས་ཚོགས་ཞེས་བསྡུ་རྒྱུ)ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་དུ་གཉེར་བ་རེད།རང་ལྗོངས་ཀྱི་བོད་སྨན་དང་། སྤོས། སྦྲང་རྩི། ཚགས་ཤའི་ཐོན་རྫས། རི་སྐྱེས་དབྱར་རྩྭ་དགུན་འབུ། བོད་ཀྱི་ཆུ་བཟང་སོགས་ས་མཐོའི་ཁྱད་ལྡན་ཐོན་རྫས་300ལྷག་ཙམ་གྲལ་འགྲིག་པོས་སྒྲིག་གཤོམ་བྱས་པར་ཚོང་པ་དང་གྲོང་མི་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད་པ་རེད།འདི་ནི་ཀྲུང་ཨ་འགྲེམས་ཚོགས་ཐོག་བོད་ཀྱི་འགྲེམས་ཁང་ལ་ལྟད་མོ་བའི་དོ་ཁུར་ཐོབ་པ།

    ཉེ་ཆར། སྒེར་རྩེ་རྫོང་བྲག་པོ་ཤང་ལྡིང་སྒོ་གྲོང་ཚོར་བཅའ་སྡོད་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མངའ་རིས་ས་ཁུལ་ཁྲལ་དོན་ཅུས་ཀྱི་ལས་དོན་རུ་ཁག་གིས“དམངས་ཀྱི་གནས་ཚུལ་ཤེས་པ་དང་། དམངས་ཀྱི་དཀའ་ངལ་སེལ་བ། དམངས་ཀྱི་སེམས་པ་དྲོས་པ”དང་། “ཉིན་བརྒྱའི་རིང་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པའི་བརྟག་ཞིབ་ཆེན་པོའི”བྱེད་སྒོ་སྤེལ་ནས། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་སེམས་རྩ་འཁོལ་པོས་ཐག་གཅོད་བྱས་ཏེ། མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”སེལ་རོགས་བྱས་པ་རེད།འདི་ན་གྲོང་སྡོད་ལས་དོན་རུ་མིས་མང་ཚོགས་དང་སྤེལ་རེས་བྱེད་བཞིན་པ།

    ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཁྲལ་དོན་ཅུས་ཀྱིས་བོད་རྒྱ་སྐད་རིགས་གཉིས་ཀྱི་ཞབས་ཞུའི་སྐར་ཁུང་བཙུགས་པ་མ་ཟད། སྲིད་ཇུས་སྒྲོག་འགྲེལ་གྱི་ཚོགས་པའང་བཙུགས་ནས་ཁྲལ་དོན་ལས་བྱེད་པས་ཡུལ་སྐད་ཐོག་ནས་ཆེད་ལས་ཐ་སྙད་གསལ་འགྲེལ་བྱས་ཏེ། སྲིད་ཇུས་ཀྱི་ནང་དོན་གོ་ཐུབ་པ་དང་ངེས་ཐུབ་པ་བྱས་ཡོད།འདི་ནི་འདམ་གཞུང་རྫོང་ཁྲལ་དོན་ལས་བྱེད་པས་ཁྲལ་འཇལ་བའི་ཁྲལ་འབྲེལ་རེ་ཞུ་སྒྲུབ་གཉེར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།