དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ངམ་རིང་རྫོང་ཡ་མོ་ཤང་སྣང་རྩེ་གྲོང་ཚོའི་ཨུ་ལྷན་གཉིས་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས།

    བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྣ་ཚོགས་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-01

    འདི་ནི་སྣང་རྩེ་གྲོང་ཚོའི་མང་ཚོགས་ཚོས་ལུས་ལ་གཟབ་མཆོར་སྤྲས་ཏེ་སྤྲོ་སྐྱིད་ཞབས་བྲོ་འཁྲབ་བཞིན་པ།

    བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་ཆེད། ཉེ་ཆར། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་ཡ་མོ་ཤང་སྣང་རྩེ་གྲོང་ཚོའི་ཨུ་ལྷན་གཉིས་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཆེད་མངགས་གྲོང་ཚོ་དེ་གའི་ཏང་ཡོན་དང་མང་ཚོགས་རྣམས་སྒྲིག་འཛུགས་བྱས་ཏེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། དང་ཐོག་སྣང་རྩེ་གྲོང་ཚོའི་སྒྲོག་འགྲེལ་མི་སྣ་གཉིས་ཀྱིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་གྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རྟེན་འབྲེལ་མཛད་སྒོའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བཅས་དུས་ཐོག་ཏུ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་རྣམས་ལ་སྒྲོག་འགྲེལ་བྱས་ནས་སློབ་སྦྱོང་ནན་ཏན་བྱས་པ་རེད།

    དེ་རྗེས་སྣང་རྩེ་གྲོང་ཚོའི་མང་ཚོགས་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་རྣ་བར་སྙན་པའི་གླུ་དབྱངས་ལེན་པ་དང་འཁྲུག་ཆ་དོད་པའི་ཞབས་བྲོ་སྣ་ཚོགས་འཁྲབ་པ་མ་ཟད། ཐག་འཐེན་འགྲན་བསྡུར་དང་། པང་འདེགས་འགྲན་བསྡུར། རྐུབ་སྟེགས་འཕྲོག་རེས་སོགས་འཁྲུག་ཆ་དོད་ལ་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་ལུགས་གང་ལེགས་མཚོན་པར་བྱས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོ་བརྒྱུད། སྣང་རྩེ་གྲོང་ཚོའི་མང་ཚོགས་ཚོའི་བསམ་པའི་རིག་གནས་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པར་རོལ་བའི་སྤྲོ་སེམས་དང་། སྔ་བར་ཕྱི་གསུམ་དུ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་སེམས་ཤུགས་ཆེ་རུ་སོང་བ་དང་། གྲོང་ཚོ་དེ་གའི་མང་ཚོགས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་མཐུན་སྒྲིལ་སེམས་མཐུན་དང་དྲིན་ཚོར་འབད་བརྩོན་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་པའི་སེམས་ཤུགས་ཇེ་ཆེར་འཕེལ་བར་བྱས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།