གནའ་བོའི་ཕོ་བྲང་དང་བོད་ཀྱི་རིག་དངོས་མཉམ་འགྲེམས་བྱས་པ།
འདི་ནི་ལྷ་སའི་གྲོང་མི་དང་ཡུལ་སྐོར་བས་འགྲེམས་སྟོན་ལ་ལྟ་བཞིན་པ།
ཟླ་8ཚེས་28ཉིན། “བཀྲ་ཤིས་དགེ་འཕེལ་གྱི་རབ་མཛེས་མེ་ཏོག གནའ་བོའི་ཕོ་བྲང་དང་བོད་ཀྱི་རིག་དངོས་མཉམ་འགྲེམས”དེ་བོད་ལྗོངས་རྟེན་མཛོད་ཁང་དུ་གཉེར་ཞིང་། འགྲེམས་སྟོན་དེ་ཚན་པ་ཆེན་པོ་གསུམ་ལ་དབྱེ་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ལོ་རྒྱུས་ཀྱི་གཏམ་རྒྱུད་བརྗོད་པ་དང་། གནའ་བོའི་བོད་དང་མེས་རྒྱལ་གྱི་ས་གནས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་དཔེ་རིས་གཅིག་སྡུད་ཐོག་མངོན་པར་བྱས་ཡོད། ད་ཐེངས་ཀྱི་འགྲེམས་སྟོན་དེ་གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་དང་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་བོད་ལྗོངས་རྟེན་མཛོད་ཁང་གིས་གཉེར་འགན་འཁུར་ཡོད། འགྲེམས་སྟོན་དེ་ཟླ་12ཚེས་1ཉིན་བར་རྒྱུན་མཐུད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།