དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • བོད་རིགས་ཀྱི་རྒྱན་གོས། གངས་ལྗོངས་བུ་ཕྲུག་གི་སྒེག་ཉམས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-31

    འདི་ནི་བོད་ལྗོངས“ཁྱད་ལྡན་གྱོན་ཆས་རྒྱུན་འཛིན ”གྱོན་གོས་རིག་གནས་གཟའ་འཁོར་སྐབས་དང་པོར་མོ་ཐྲོལ་གྱིས་སྲོལ་རྒྱུན་གྱི་རྒྱན་གོས་ངོམ་སྟོན་བྱེད་བཞིན་པ།

    འདི་ནི་ལྷ་སའི་བར་སྐོར་དུ“རྨད་བྱུང་ངོ་མཚར་རྒྱན་བཟང་། བཀྲག་མདངས་འཚེར་བའི་ལྷ་ས་— ལྷ་སའི་ལོ་གསར་རྒྱན་གོས་རྒྱས་གཤོམ”བྱེད་སྒོར་མོ་ཐྲོལ་གྱིས་ཁྲོམ་སྐོར་བཞིན་པ།

    བོད་རིགས་ཀྱི་རྒྱན་གོས་ལ་ལོ་རྒྱུས་ཡུན་རིང་ལྡན། དུས་ཀྱི་འཕོ་འགྱུར་དང་བསྟུན་ནས་བོད་རིགས་ཀྱི་རྒྱན་གོས་ཀྱང་རྒྱུན་འཛིན་ཁྲོད་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ནས་བཟོ་ལྟ་འདྲ་མིན་སྣ་ཚོགས་སུ་གྱུར་ཡོད།

    བོད་རིགས་རྒྱན་གོས་ཀྱི་ཡ་གྱལ་ལྷ་སའི་རྒྱན་གོས་ཀྱི་ཚོན་མདོག་རྣམ་པར་བཀྲག་ལ། ཨམ་ཕྲག་ཆེ་བ་དང་། ཕུ་ཐུང་རིང་བ། ཐུ་ཆེ་བ། སྒབ་རིང་བ། ཟོན་པ་ལྷ་མོ་གྱོན་པ། ལྷས་མ་རྒྱག་པ་སོགས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད། གསེར་དངུལ་མུ་ཏིག་གི་རྒྱན་ཆ་མང་བ་ལས་བོད་རིགས་མི་དམངས་ཀྱི་མཛེས་དཔྱོད་ལྟ་བ་མཚོན་གྱི་ཡོད་ལ། དེ་ནི་དུས་ཡུན་རིང་པོའི་འཚོ་བའི་ཁོར་ཡུག་དང་ཐོན་སྐྱེད་བྱེད་སྟངས་ཀྱི་ཁྲོད་དུ་གྲུབ་པ་ཞིག་ཡིན། 2018ལོའི་ཟླ་དྲུག་པར་ལྷ་སའི་རྒྱན་གོས་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་ཚུད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།