དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ཐོས་བསམ་མྱོང་རྟོགས། དངོས་སྒྲུབ་འགན་འཁུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-31

    ཉེ་ཆར། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པའི་ལྷ་ས་མེ་འཁོར་ལས་ཚུགས་ཀྱི་ཏང་ཨུད་ཀྱིས་ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་འཛིན་གྲྭ་གཉེར་ནས་ཆེད་བསྐོས་དང་ཞོར་འགན་འཁུར་མཁན་ཏང་ཀྲི་པུའི་ཧྲུའུ་ཅི་དང་། ཀྲི་པུའུ་ཨུ་ལྷན་གྱི་ཁོངས་མི། ཏང་ཚོགས་ཆུང་གི་ཙུའུ་ཀྲང་བཅས་དང་། དེ་བཞིན་ན་གཞོན་རྐང་འཛིན་པ་བཅས་ཁྱོན་མི་གྲངས་50ལྷག་ཙམ་གསོ་སྦྱོང་ནང་ཞུགས་ཡོད།

    ད་ཐེངས་ཀྱི་གསོ་སྦྱོང་ལ་ཏང་དོན་ལས་དོན་པ་བསླབ་པ་རྒན་གྲས་གདན་དྲངས་ནས་ལྕགས་ལམ་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གྱོད་དཔེ་དྲངས་ནས་སློབ་ཁྲིད་དང་མཉམ་འགུལ་བགྲོ་གླེང་སོགས་ཀྱི་བྱེད་སྟངས་བརྒྱུད། གཞི་རིམ་ཏང་འཛུགས་སྐྱོང་གི་དངོས་སྒྲུབ་དང་ཏང་ཡོན་གྱི་ནུས་པ་འདོན་སྤེལ་སྐོར་གསལ་འགྲེལ་གཏིང་ཟབ་བྱས་ཡོད། གསོ་སྦྱོང་ལ་ཞུགས་མཁན་སློབ་མས་ད་དུང་ལྷུན་གྲུབ་ཞིང་རར་གསར་བརྗེའི་སློབ་གསོ་སྤེལ་བར་བསྐྱོད་དེ་ལོ་རྒྱུས་འགྲེམས་སྟོན་ལ་ལྟ་སྐོར་དང་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱས་པ་བརྒྱུད། འགན་འཁྲི་འཁུར་སེམས་སྔར་བས་ཆེ་རུ་ཕྱིན་པ་མ་ཟད། ཏང་ཡོན་དཔུང་ཁག་གི་ཆབ་སྲིད་ཀྱི་བྱང་ཚད་དང་ལས་སྒོའི་འཇོན་ཐང་ཆེ་རུ་ཕྱིན་ནས་ཏང་འཛུགས་སྐྱོང་དང་ཐོན་སྐྱེད་གཉེར་སྐྱོང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་ཆེད་འགན་ལེན་ནུས་ལྡན་བྱས་ཡོད།

    པར་འདི་གཉིས་ནི་གསོ་སྦྱོང་ལ་ཞུགས་མཁན་སློབ་མ་ཚོས་ལྷུན་གྲུབ་ཞིང་རར་ལྟ་སྐོར་སློབ་སྦྱོང་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།