པར་རིས་གསར་འགྱུར།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སྡོང་ཕྲུག་ར་བའི་སོན་བཟང་འདེམས་གསོའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་སོན་སྤུས་ཐོན་ཁུངས་ལ་བརྟག་དཔྱད་ཧུར་ཐག་བྱས་ནས། སོན་བཟང་འདེམས་གསོ་ཁྱབ་གདལ་གཏོང་བར་འདེགས་སྐྱོར་བྱས་པ་དང་། ད་ཡོད་ཀྱི་སོན་རྒྱུའི་ཐོན་ཁུངས་ཉར་ཚགས་བྱེད་པའི་རྨང་གཞིའི་ཐོག་ནགས་ཤིང་སོན་རྒྱུ་ལེགས་སྒྱུར་དང་། ནགས་ཤིང་ནུས་ཆེ་འདེབས་གསོ། ཤིང་སོན་ར་བ་ཐོན་འབབ་མཐོ་ལ་བརྟན་པོ་ཡོང་བ་སོགས་ལ་ཞིབ་འཇུག་བྱས་ཏེ། སོན་མྱུག་གསོ་སྤེལ་བྱེད་ནུས་ཆེ་རུ་བཏང་ནས། ལྡོག་འགོག་རང་བཞིན་ཆེ་བ་དང་ཐཱན་འདུས་ཚད་མཐོ་བའི་ཤིང་སོན་གསར་པ་འདེམས་གསོ་བྱས་པ་རེད། འདི་ནི་ཆབ་མདོ་གྲོང་ཁྱེར་ནགས་ལས་ཚད་ཡོད་ཀུང་སིའི་ལས་མིས་སྡོང་ཕྲུག་སྐྱེ་ཚུལ་ལ་ལྟ་ཞིབ་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།