བསིལ་འགུགས་ཉིན་མོ་འཆར། ལོ་ལེགས་འབྲས་བཟང་སྨིན།
འདི་ནི་ཞིང་པས་ཡུན་ནན་ཞིང་ཆེན་ཐེང་ཁྲུང་གྲོང་ཁྱེར་མིང་ཀོང་གྲོང་རྡལ་ཧྥུང་ཧོང་གྲོང་ཚོའི་ཧྥུང་ཧོང་རི་བོར་མེ་ཏོག་ཚེ་རིང་ལུག་མིག་འཐུ་བཞིན་པ།
འདི་ནི་ཧུའུ་ནན་ཞིང་ཆེན་ཧྲའོ་དབྱང་གྲོང་ཁྱེར་ལུང་ཧུའེ་རྫོང་དབྱང་ཀུའུ་ཨའོ་གྲོང་རྡལ་དུ་ཞིང་པས་འབྲུ་འདོན་འཕྲུལ་འཁོར་སྤྱད་ནས་འབྲུ་འདོན་བཞིན་པ།
འདི་ནི་ཧྲན་ཏུང་ཞིང་ཆེན་ཙའོ་ཀྲོང་གྲོང་ཁྱེར་ཐེར་ཀྲོང་ཆུས་ཕི་ཀྲོང་གྲོང་རྡལ་ཐའོ་ཀོའུ་ཆའོ་གྲོང་ཚོར་ཞིང་པས་རྒུན་འབྲུམ་འཐོག་བཞིན་པ།
བསིལ་འགུགས་ཉིན་མོ་འཆར་བ་དང་། རབ་ཏུ་སྨིན་པའི་འབྲས་ཞིང་དག་བསིལ་རླུང་ཁྲོད་དལ་བུར་མགོ་ལྕོག་ལྡེམ་ལྡེམ་བྱེད། སོ་ནམ་པ་ཚོས་དུས་ཚོད་དམ་འཛིན་བྱས་ནས་འབྲུ་མཛོད་ཉམས་གསོ་དང་ལོ་ཏོག་བསྐམས་ཏེ་འབྲུ་རྡོག་རེ་རེ་བཞིན་འབྲུ་མཛོད་དུ་འཇུག་པར་བྲེལ། ད་ལྟའི་དུས་ནི་དབྱར་སྟོན་གཉིས་ཀྱི་མཚམས་སུ་གནས་པས་ཞིང་རྨོ་དང་ལོ་ལེགས་སྨིན་པའི་དུས་མཚམས་སུ་སླེབས་ཏེ་ཞིང་ནང་གི་མཛེས་ལྗོངས་ཡིད་དུ་འོང་།
འབྲེལ་ཡོད་གསར་འགྱུར།