སྟོན་དུས་ཀྱི་སྐོར་སྐྱོད་བྱིས་པའི་ཕོ་བྲང་སློབ་འགོ་ཚུཌ་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་བརྒྱད་གཅིག་སྡེ་ཁུལ་གྲོང་མི་ཨུ་ལྷན་དང་གྲོང་ཁྱེར་ལོ་ཆུང་བྱིས་པའི་བྱེད་སྒོ་ལྟེ་གནས་ཀྱིས་མཉམ་དུ་གཉེར་བའི་སྟོན་དུས་ཀྱི་སྐོར་སྐྱོད་བྱིས་པའི་ཕོ་བྲང་བརྒྱད་གཅིག་སྡེ་ཁུལ་བྱེད་སྒོ་ལྟེ་གནས་སུ་དངོས་སུ་སློབ་འགོ་ཚུགས་པ་རེད། བརྒྱད་གཅིག་སྡེ་ཁུལ་གྱི་སྟོན་དུས་སྐོར་སྐྱོད་བྱིས་པའི་ཕོ་བྲང་དུ་ཞབས་བྲོ་དང་། མཛེས་རྩལ། ཐེ་ཆོན་ཏའོ་དྲག་རྩལ་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་པར་བྱིས་པ་ཚོས་ཧ་ཅང་དགའ་པོ་བྱེད་པ་དང་ཁྱིམ་བདག་ཚོའི་ཁས་ལེན་ཆེན་པོ་ཐོབ་ཡོད། སྟོན་དུས་ཀྱི་སྐོར་སྐྱོད་བྱིས་པའི་ཕོ་བྲང་གི་སློབ་ཚན་ཟླ་11པའི་ཟླ་མཇུག་བར་འཚོགས་ནས། བྱིས་པ་དེ་བས་མང་བར་ཁྱིམ་གྱི་སྒོ་འགྲམ་དུ་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ལོངས་སྤྱོད་ཐུབ་པར་བྱས་ཏེ། བྱིས་པའི་མཛའ་མཐུན་རྣམ་པའི་སྡེ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་རེད། འདི་ནི་བརྒྱད་གཅིག་སྡེ་ཁུལ་གྱི་ཕྲུ་གུ་ཚོས་སློབ་ཚན་ཉན་བཞིན་པ།
འབྲེལ་ཡོད་གསར་འགྱུར།