ཁྱིམ་གཞིས་གསར་པ། འཚོ་བ་གསར་པ།
འདི་ནི་ནོར་བུ་ས་གྲོང་ཚོའི་སྡོད་ཁང་གསར་པའི་ཟུར་ཞིག་ཡིན་པ།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ནོར་བུ་ས་གྲོང་ཚོས་བདེ་སྐྱིད་ལྡན་པའི་ཉིན་མོ་སྟེ། གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གསུམ་ལྡན་གྲོང་ཚོའི་སྡོད་ཁང་དུ་སྤོ་བའི་མཛད་སྒོ་བསུས་ཤིང་། ཉིན་དེར། ལུས་ལ་གཟབ་མཆོར་ལེགས་པར་སྤྲས་པའི་ཡུལ་མི་ཚོའི་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་མཆིས། གྲོང་ཚོ་གསར་པའི་བོད་ཁང་དག་ཁམས་གཙང་ལ་གྲལ་འགྲིག་པ་དང་། ཁང་བཟང་དཀར་པོ་དང་མཐའ་འཁོར་གྱི་རི་སྔོན་ཆུ་དྭངས་ཕན་ཚུན་མཛེས་རྒྱན་དུ་གྱུར་ཏེ་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་གྲུབ་ཡོད། ཡུལ་མིའི་ཁྱིམ་དུ་སྐྱོད་སྐབས། ཁང་པ་དཀར་ཆ་དོད་ཅིང་ཁམས་གཙང་བ་དང་། དེང་རབས་ཀྱི་ཐབ་ཚང་དང་གསང་སྤྱོད་སོགས་གང་དགོས་འཛོམས་པས། སྔོན་ཆད་ཀྱི་སྡོད་ཁང་ཆ་རྐྱེན་དང་བསྡུར་ན་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།