དབུ་ཤོག>པར་མཛོད།
  • ཧྥུལ་ཉུང་བའི་བདེ་ཐང་ཇ་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-08-20

    ཉེ་ཆར། མལ་གྲོ་གུང་དཀར་རྫོང་སྤར་ཁ་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་གྱི་ལས་དོན་རུ་ཁག་གིས་ཧྥུལ་ཉུང་བའི་བདེ་ཐང་ཇ་སྤྲོད་པའི་བྱེད་སྒོ་སྤེལ་ནས་དུད་ཚང་28ཀྱི་ཡུལ་མི་138ལ་བདེ་ཐང་ཇ་སྤྲད་ཡོད། དེ་དང་ཆབས་ཅིག་ལས་དོན་རུ་མི་ཚོས་ཡུལ་མི་ཚོར་ཧྥུལ་ཉུང་བའི་ཇའི་བདེ་ཐང་རྒྱུན་ཤེས་གསལ་འགྲེལ་བྱས་པ་མ་ཟད། ཏང་འཛུགས་སྐྱོང་གི་སྲིད་ཇུས་སྒྲོག་འགྲེལ་ཡང་བྱས་ཏེ། མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་ཤོད་པ་དང་མང་ཚོགས་ཀྱི་དགོས་མཁོ་ཤེས་རྟོགས་བྱས་ནས་གྲོང་སྡོད་ལས་དོན་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལག་ལེན་ཞིག་ཏུ་བརྩིས་ཏེ། གཞི་རིམ་དུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྣམ་པར་བཞད་པར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།