རང་རྒྱལ་གྱི་མཚོ་ཁོངས་ཁག་གཅིག་ཏུ་ཟླ་བ་གསུམ་རིང་ཉ་འཛིན་མཚམས་འཇོག་པའི་དུས་ཡུན་མཇུག་འགྲིལ་བ།
ཟླ་8ཚེས་16ཉིན། རང་རྒྱལ་གྱི་ལྷོ་མཚོའི་མཚོ་ཁོངས་དང་ཤར་མཚོའི་མཚོ་ཁོངས་ཁག་གཅིག་ཏུ་ཟླ་བ་གསུམ་རིང་ཉ་འཛིན་མཚམས་འཇོག་པའི་དུས་ཡུན་དངོས་སུ་མཇུག་འགྲིལ་ཞིང་། ཧྥུའུ་ཅན་དང་། ཀོང་ཏུང་། ཀོང་ཤིས་སོགས་ཞིང་ཆེན་གྱི་ཉ་གྲུ་གཅིག་རྗེས་གཉིས་མཐུད་ངང་གྲུ་ཁ་ནས་ཐོན་ཏེ་ཉ་འཛིན་འགོ་ཚུགས་པ་རེད། ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་རྒྱ་མཚོའི་དཔལ་འབྱོར་ཐད་སྤྱི་འབོར་བརྟན་པོའི་ངང་འཕར་བ་དང་། གྲུབ་ཆ་རྒྱུན་མཐུད་ལེགས་སྒྱུར། སྒུལ་ནུས་མགྱོགས་མྱུར་འཕར་བ་བཅས་ཀྱི་ཉམས་དགའ་བའི་རྣམ་པ་མངོན་ཏེ་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་5.1རག་པ་དེ་དུས་མཚུངས་ལས་5.8%འཕར་ཡོད། “འབྲུ་མཛོད་སྔོན་པོ”འཛུགས་སྐྲུན་གྱི་ཕན་འབྲས་མངོན་གསལ་དོད་པ་དང་ལོ་སྟོད་དུ་རྒྱལ་ནང་གི་རྒྱ་མཚོའི་ཆུ་ཐོན་ཐོན་རྫས་ཀྱི་ཐོན་འབོར་དུས་མཚུངས་ལས་4.8%འཕར་ཡོད་པ་རེད། འདི་ནི་ཉིན་དེར་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་ལེན་ཅང་རྫོང་ཐའེ་ལུའུ་རྒྱལ་ཁབ་ལྟེ་གནས་ཀྱི་གྲུ་ཁར་ཉ་གྲུ་མང་པོ་རྡོག་ཐོན་བྱས་ཏེ་ཉ་འཛིན་བཞིན་པ།
འབྲེལ་ཡོད་གསར་འགྱུར།