སི་ཁྲོན་གཤོང་ས་ནས་སྨི་རྒྱ་དཔངས་དུང་ཕྱུར་ཆིག་སྟོང་ལས་བརྒལ་བའི་གཏིང་ཟབ་པའི་རྡོ་གཡམ་རླངས་ཞིང་གསར་དུ་རྙེད་པ།
གསར་འགོད་པས་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། སི་ཁྲོན་གཤོང་སར་གནས་པའི་ཡུང་ཁྲོན་རྡོ་གཡམ་རླངས་ཞིང་གི་རྩད་གཅོད་གསར་སྤེལ་ཐད་ཚད་བརྒལ་བྱུང་བ་སྟེ། ས་གཤིས་གསོག་ཚད་སྨི་རྒྱ་དཔངས་དུང་ཕྱུར་1245.88གསར་དུ་རྩད་ཆོད་པར་རང་བྱུང་ཐོན་ཁུངས་པུའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཞིབ་བཤེར་གཏན་འཁེལ་བྱས་པ་ལས་རང་རྒྱལ་གྱི་སྨི་རྒྱ་དཔངས་དུང་ཕྱུར་སྟོང་ལས་བརྒལ་བའི་གཏིང་ཟབ་པའི་ཚང་སྒྲིག་རྡོ་གཡམ་རླངས་ཞིང་ཆེ་གྲས་གཞན་ཞིག་རྙེད་པ་མཚོན་གྱི་ཡོད།
འདི་ནི་ཡུང་ཁྲོན་རྡོ་གཡམ་རླངས་ཞིང་ཡུང་ཁྲོན་ལྷོ་ངོས་ཀྱི་ལྟེ་བའི་ས་ཚིགས་ཡིན་པ།
འབྲེལ་ཡོད་གསར་འགྱུར།