དབུ་ཤོག>པར་མཛོད།>པར་མཁན།
  • ཡུན་ནན་ནུབ་རྒྱུད་ཀྱི་རི་འགོག་དམག་འཁྲུག་དྲན་གསོ་ཁང་སླར་ཡང་སྤྱི་དམངས་ལ་སྒོ་ཕྱེ་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-17

    ཟླ་8ཚེས་15ཉིན། ཟླ་བཞི་ལྷག་ཙམ་རིང་རིམ་སྤོར་སྒྱུར་བཀོད་བྱས་པའི་ཡུན་ནན་ནུབ་རྒྱུད་ཀྱི་རི་འགོག་དམག་འཁྲུག་དྲན་གསོ་ཁང་སླར་ཡང་སྤྱི་དམངས་ལ་སྒོ་ཕྱེ་བ་རེད། ཡུན་ནན་ནུབ་རྒྱུད་ཀྱི་རི་འགོག་དམག་འཁྲུག་དྲན་གསོ་ཁང་ནི་ཡུན་ནན་ཞིང་ཆེན་ཐེང་ཁྲུང་གྲོང་ཁྱེར་དུ་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་53300ཡོད་པ་མ་ཟད། འགྲེམས་སྟོན་དང་། ཉར་ཚགས། ཞིབ་འཇུག དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་བྱེད་ནུས་སྣ་ཚོགས་གཅིག་ཏུ་འདུས་པ་དང་། 2013ལོའི་ཟླ་8ཚེས་15ཉིན་དངོས་སུ་བསྐྲུན་ནས་ཕྱི་ཕྱོགས་ལ་རིན་མེད་ངང་སྒོ་མོ་ཕྱེ་ཡོད། དྲན་གསོ་ཁང་གི་སྒོ་ཕྱེ་ནས་ལོ་12སོང་རིང་། ལོ་ལྟར་ལྟ་སྐོར་བ་མི་ཐེངས་ཁྲི་140ལྷག་ཙམ་ལ་སྣེ་ལེན་ཞུ་གི་ཡོད།

    འདི་ནི་ཡུལ་སྐོར་བས་ཡུན་ནན་ནུབ་རྒྱུད་ཀྱི་རི་འགོག་དམག་འཁྲུག་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།