དབུ་ཤོག>པར་མཛོད།>པར་མཁན།
  • འཛམ་གླིང་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་དམིགས་བསལ་འཕྲིན་སྤེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-08-16

    ཟླ་8ཚེས་13ཉིན། 2025ལོའི་ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཁྲོད་བུད་མེད་ཀྱི་རང་མོས་འཕག་རྒྱུག་མཐའ་བསྡུར་ནང་ཀྲུང་གོའི་བདམས་ཐོན་པ་ཧྲང་ཁྲུན་སུང་ལ་ཨང་དང་པོ་ཐོབ་པ་རེད། འདི་ནི་ཟླ་8ཚེས་13ཉིན། ཀྲུང་གོའི་བདམས་ཐོན་པ་ཧྲང་ཁྲུན་སུང་གིས་འགྲན་བསྡུར་བྱེད་བཞིན་པ།

    ཟླ་8ཚེས་14ཉིན། 2025ལོའི་ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཁྲོད་བུད་མེད་ཀྱི་བྲག་འཛེགས་མྱུར་ཚད་མི་སྒེར་གྱི་འགྲན་བསྡུར་ནང་། ཀྲུང་གོའི་བདམས་ཐོན་པ་ཏེང་ལི་ཅོན་ལ་གསེར་གྱི་རྟགས་མ་དང་། ཆིན་ཡུས་མེ་ལ་དངུལ་གྱི་རྟགས་མ། ཀྲོའུ་ཡ་ཧྥེ་ལ་ཟངས་ཀྱི་རྟགས་མ་བཅས་ཐོབ་པ་རེད། འདི་ནི་ཀྲུང་གོའི་བདམས་ཐོན་པ་ཏེང་ལི་ཅོན(གཡོན)དང་ཆིན་ཡུས་མེ་ཡིས་གསེར་གྱི་རྟགས་མའི་འགྲན་བསྡུར་བྱེད་བཞིན་པ།

    འདི་ནི་ཟླ་8ཚེས་14ཉིན། 2025ལོའི་ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་སྒྲོམ་སྟེགས་སྤོ་ལོའི་སྤོ་ལོ་བརྒྱད་ཀྱི་མཉམ་འདྲེས་གསེར་གྱི་རྟགས་མའི་འགྲན་བསྡུར་ཁྲོད། ཀྲུང་གོའི་བདམས་ཐོན་པ་ཀྲང་ཐའེ་དབྱི་ལྷོ་ཨ་ཧྥེ་རི་ཁའི་བདམས་ཐོན་པ་སའེ་ལུང་ལས་རྣམ་པར་རྒྱལ་ནས་ཨང་དང་པོ་ཐོབ་པ། འདི་ནི་ཀྲུང་གོའི་བདམས་ཐོན་པ་ཀྲང་ཐའེ་དབྱིས་འགྲན་བསྡུར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།