གོ་ལ་ཧྲིལ་པོའི་རིག་ནུས་འཕྲུལ་མིའི་4Sཚོང་ཁང་དང་པོར་བསྐྱོད་པ།
འདི་ནི་ལྟད་མོ་བས་4Sཚོང་ཁང་དུ་ལྟ་སྐོར་བྱེད་བཞིན་པ།
འདི་ནི་4Sཚོང་ཁང་གི་རིག་ལྡན་སྨན་ཁང་དུ་སྤྱོད་པའི་འཕྲུལ་མིས་སྨན་ལེན་བཞིན་པ།
ཉེ་ཆར། གོ་ལ་ཧྲིལ་པོའི་རིག་ནུས་འཕྲུལ་མིའི་4Sཚོང་ཁང་དང་པོ་Robot Mallཔེ་ཅིང་དབྱི་ཀྲོང་དུ་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཤིང་། ས་གནས་ཁག་གི་འཕྲུལ་མིའི་ཁེ་ལས་50ལྷག་ཙམ་གྱི་འཕྲུལ་མིའི་ཐོན་རྫས་100ལྷག་ཙམ་འགྲེམས་སྟོན་བྱས་ཡོད། 4Sཚོང་ཁང་དེས་འཕྲུལ་མིའི་ཐོན་རྫས་ཞིབ་འཇུག་གསར་སྤེལ་ཚོད་ལྟ་བྱེད་པ་ནས་ཁྲོམ་རར་སྤྱོད་པའི་བར་གྱི་དུས་འཁོར་ཧྲིལ་པོའི་ཞབས་ཞུའི་དགོས་མཁོ་སྐོང་ཐུབ་པ་དང་ཆབས་ཅིག་མངགས་བཀོད་ཅན་གྱི་གསར་སྤེལ་དང་། དངུལ་རྩའི་ཞབས་ཞུ། དེ་བཞིན་འཕྲུལ་མི་བོགས་གཏོང་སོགས་ཀྱི་ལས་སྒོ་གཉེར་གྱི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།