དབུ་ཤོག>པར་མཛོད།>པར་མཁན།
  • འཛམ་གླིང་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་དམིགས་བསལ་འཕྲིན་སྤེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-08-13

    ཟླ་8ཚེས་11ཉིན། 2025ལོའི་ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་སྨི་4×50ཡི་ཆུ་རྐྱལ་རྒྱུག་མཐུད་འགྲན་བསྡུར་གྱི་མཐའ་བསྡུར་ནང་ཀྲུང་གོའི་རུ་ཁག་གིས་སྐར་མ་1དང་སྐར་ཆ་07གྲངས་ཆུང་99ཡི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་པ་དང་འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད་ཡོད། འདི་ནི་ཟླ་8ཚེས་11ཉིན་བདམས་ཐོན་པས་འགྲན་བསྡུར་བྱེད་བཞིན་པ།

    ཟླ་8ཚེས་10ཉིན་2025ལོའི་ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་རང་མོས་ཆུར་འཛུལ་གྱི་སྐྱེས་པའི་དིམ་རྐྱལ་FFS1-FFS2མཐའ་བསྡུར་ནང་ཀྲུང་གོའི་བདམས་ཐོན་པ་ལུང་ཏེང་ཤིས་ལ་ཨང་དང་པོ་ཐོབ་པ་རེད། འདི་ནི་ཟླ་8ཚེས་10ཉིན་ཀྲུང་གོའི་བདམས་ཐོན་པ་ལུང་ཏེང་ཤིས་ཀྱིས་འགྲན་བསྡུར་ཚར་རྗེས་ལྟད་མོ་བར་ལག་གཡུག་བྱེད་བཞིན་པ།

    2025ལོའི་ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་ཐའེ་ཆོན་དྲག་རྩལ་གྱི་སྐྱེས་པའི་སྤྱི་རྒྱ་86རིམ་པའི་བཞི་ཆ་གཅིག་གི་མཐའ་བསྡུར་ནང་ཀྲུང་གོའི་བདམས་ཐོན་པ་ཀྲང་ཁྲེང་ཁྲེང་གིས་མོ་ཞི་ཁོའི་བདམས་ཐོན་པ་ཨེར་ནན་ཏི་སི་ལས་རྣམ་པར་རྒྱལ་ཏེ་ཕྱེད་མཐའ་བསྡུར་ནང་ཚུད་པ་རེད། འདི་ནི་ཀྲང་ཁྲེང་ཁྲེང(གཡས)གིས་འགྲན་བསྡུར་ལ་ཞུགས་བཞིན་པ།

    ཟླ་8ཚེས་9ཉིན། 2025ལོའི་ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་ཁུང་ཧྲོའུ་ཏའོ་དྲག་རྩལ་གྱི་བུད་མེད་ཚོགས་ཆུང་གི་སྤྱི་རྒྱ་61རིམ་པའི་མཐའ་བསྡུར་ནང་། ཀྲུང་གོའི་བདམས་ཐོན་པ་ཀུང་ལི་ཡིས་རི་པིན་གྱི་བདམས་ཐོན་པ་ཏའོ་ཐེན་ཙུའོ་ལེང་ལེང་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་བླངས་པ་རེད། འདི་ནི་ཟླ་8ཚེས་9ཉིན། ཀུང་ལི(གཡོན)ཡིས་འགྲན་བསྡུར་བྱེད་བཞིན་པ།

    ཟླ་8ཚེས་10ཉིན་2025ལོའི་ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་ཐའེ་ཆོན་དྲག་རྩལ་གྱི་བུད་མེད་ཀྱི་སྤྱི་རྒྱ་48རིམ་པའི་གསེར་གྱི་རྟགས་མ་བརྩོན་ལེན་གྱི་འགྲན་བསྡུར་ནང་ཀྲུང་གོའི་བདམས་ཐོན་པ་ལིའུ་ཞའོ་ཧུའེ་ཡིས་ཐེ་ལན་གྱི་བདམས་ཐོན་པ་ཨའོ་ནུའོ་ཁེ་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་བླངས་པ་རེད། འདི་ནི་ཟླ་8ཚེས་10ཉིན་ལིའུ་ཞའོ་ཧུའེ(གཡས)ཡིས་འགྲན་བསྡུར་བྱེད་བཞིན་པ།

    2025ལོའི་ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་དྲག་རྩལ་རྣམ་གྲངས་བུད་མེད་ཀྱི་ཐའེ་ཅིའི་དྲག་རྩལ—ཐའེ་ཅིའི་གྲི་རྩལ་གྱི་མཐའ་བསྡུར་ནང་ཀྲུང་གོའི་བདམས་ཐོན་པ་ལུའུ་ཀྲོའུ་ལིང་ལ་ཨང་དང་པོ་ཐོབ་པ་དང་། དེ་ནི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཐོག་བླངས་པའི་གསེར་གྱི་རྟགས་མ་དང་པོ་དེ་རེད། འདི་ནི་ལུའུ་ཀྲོའུ་ལིང་གིས་ཐའེ་ཅིའི་གྲི་རྩལ་འགྲན་བསྡུར་ལ་ཞུགས་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།