སྲོག་ཆགས་ལ་གཅེས་སྤྲས།
སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱས་པ།
འདི་ནི་གནས་ནང་ལུང་ཤུར་ནས་པར་བླངས་པའི་བྱ་གླག་ཡིན་པ།
འདི་ནི་གནས་ནང་ལུང་ཤུར་ནས་པར་བླངས་པའི་གསའ་ཡིན་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་38(ཐད་ཀའི་བར་ཐག)ལས་མེད་པའི་གནས་ནང་ལུང་ཤུར་དུ་དུས་ཡུན་ལོ་གཅིག་གི“སྐྱེ་ཁམས་ཡོངས་བཤེར”མཇུག་འགྲིལ་བ་རེད། 《གནས་ནང་ལུང་ཤུར་གྱི་གསའ་ཡི་འཚོ་གནས་ཁུལ་གལ་ཆེན་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་བྱས་པའི་རྣམ་གྲངས་ཀྱི་སྙན་ཞུ》གསར་དུ་བཏོན་པ་དེས་ལྷ་སའི་ཉེ་འདབས་ཀྱི་ངོ་མཚར་ཆེ་བའི་ལུང་ཤུར་དེའི་ཚེ་སྲོག་གི་མཛེས་རིས་གསལ་ལེར་མངོན་ཡོད། བརྟག་དཔྱད་ལས་མངོན་པར། རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་30ཙམ་ཟིན་པའི་གནས་ནང་ལུང་ཤུར་ནི་གསའ་ཡི་འཚོ་གནས་ཁུལ་གལ་ཆེན་ཞིག་ཡིན་པ་དང་། དེ་གར་རྩྭ་རྩི་ཤིང་སྣ་ཁ་214དང་། འདབ་ཆགས་རིགས་60 གཅན་གཟན་རིགས་17བཅས་འཚོ་སྡོད་བྱེད་པ་དང་། དེའི་ཁྲོད་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་དངོས་རིགས་26ལྷག་ཙམ་ཟིན་ཡོད། ལྷག་པར་དུ་དེ་ལས་རྩ་ཆེ་བ་ཞིག་ནི་དམར་ཕྱིའི་པར་ཆས་ཀྱིས་གསའ་ཨ་མས་གསའ་ཕྲུག་ཁྲིད་ནས་འགྲོ་བའི་པར་མང་པོ་བརྒྱབ་ཡོད་པ་དེ་ཡིན་ཞིང་། དེ་ཐོག་ནས་གནས་དེར་གསའ་ཡི་ཁྱུ་ཚོགས་དང་དེ་བཞིན་ཟ་རིགས་འཁོར་འབྲེལ་ཆ་ཚང་བ་ཡོད་པ་ར་འཕྲོད་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།