དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • པར་རིས་གསར་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-12

    ཉེ་ཆར། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སྟག་གསར་ཤང་གཡང་མོ་ཁུག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་སྨན་རྫས་ཁེ་ལས་གཉིས་དང་འབྲེལ་གཏུག་བྱས་ཏེ། གྲོང་ཚོར་སྨན་བཅོས་བྱེད་པ་དང་། སྨན་སྐྱེལ་བ། བདེ་ཐང་བརྟག་དཔྱད་བཅས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ཞིང་། དེའི་རིང་ལས་དོན་པས་ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་སྐོར་གྱི་དྲི་བར་ངང་རྒྱུད་རིང་པོས་ལན་འདེབས་པ་དང་། བདེ་ཐང་ཤེས་བྱ་སྒྲོག་འགྲེལ་བྱེད་པ། ནད་རིགས་སྔོན་འགོག་ཤེས་བྱ་ཁྱབ་སྤེལ་གཏོང་བ་བཅས་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་གི་འདུ་ཤེས་ཟབ་ཏུ་དང་བདེ་སྲུང་གི་ནུས་པ་ཆེ་རུ་བཏང་ཡོད། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།