2025ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་དྲུག་པ་མཇུག་འགྲིལ་བ།
ཚེས་10ཉིན་གྱི་སྔ་དྲོར། 2025ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་དྲུག་པའི་གཞིས་རྩེ་འགྲན་དུམ་གྱི་འགྲན་བསྡུར(འགྲན་དུམ་བཞི་པ)བདེ་བླག་ངང་མཇུག་འགྲིལ་ཏེ། མཇུག་འགྲིལ་མཛད་སྒོ་དང་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་པ་རེད།
དུས་ཡུན་ཉིན་ལྔའི་འགྲན་བསྡུར་རིང་། རྒྱལ་ཁབ་ཕྱི་ནང་གི་ཆུ་ཚད་མཐོ་བའི་རྐང་འཁོར་རུ་ཁག་17དང་རྐང་འཁོར་ལུས་རྩལ་པ་100ལྷག་ཙམ་གྱིས་ཉིང་ཁྲི་དང་། ལྷོ་ཁ། ལྷ་ས། གཞིས་རྩེ་བཅས་རི་ཀླུང་ལྟ་ན་སྡུག་པའི་འགྲན་དུམ་བཞིར་འགྲན་བསྡུར་འཁྲུག་པོ་བྱས་ཤིང་། ལམ་ཐག་ཧྲིལ་པོར་སྤྱི་ལེ་420.58ཡོད་པ་རེད།
འདི་ནི་འགྲན་ཞུགས་པ་ཚོ་མཐའ་མའི་ས་ཚུགས་སུ་འབྱོར་བའི་གནས་ཚུལ་ཡིན་པ།
འབྲེལ་ཡོད་གསར་འགྱུར།