རྟེན་མཛོད་ཁང་དུ་ཚན་རིག་ཁྱབ་གདལ་ཚ་རླབས་འཕྱུར།
ཉེ་ཆར། 2025ལོའི་བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་གི་སྐྱེ་ཁམས་ཤེས་དཔལ་གྱི“བྱ་སྤྱོད་སྤེལ་མཁན”ཞེས་པའི་དབྱར་གསེང་གི་ཚན་རིག་ཁྱབ་གདལ་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་། བྱེད་སྒོའི་ནང“འཆད་འགྲེལ་པ་ཆུང་ཆུང”དང་ཚན་རིག་ཁྱབ་གདལ་གྱི་དབྱར་སྒར་གྱི་ཡན་ལག་བྱེད་སྒོ་གཉིས་ཡོད། དེའི་དམིགས་ཡུལ་ནི་གཞོན་ནུ་ལོ་ཆུང་ཚོས་མཚོ་བོད་ས་མཐོ་འདི་ཉིད“སའི་གོ་ལའི་སྣེ་གསུམ་པ”ཡིན་པའི་ཐུན་མོང་མ་ཡིན་པའི་རིན་ཐང་ལ་ངོས་འཛིན་ཐུབ་པར་ཁྲིད་སྟོན་བྱས་ཏེ། རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་ས་མཐོ་སྲུང་བའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་ཆེད་རེད། འདི་ནི་བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་གི་ལས་དོན་པས་བྱེད་སྒོར་ཞུགས་མཁན་ཕྲུ་གུ་ཚོར་ས་ཡུལ་དངོས་སུ་འཆད་འགྲེལ་རྒྱག་བཞིན་པ།
འབྲེལ་ཡོད་གསར་འགྱུར།