མཛེས་མཐུན་གྲོང་གསེབ་ཀྱི་རྣམ་པ་གསར་པ།
ཉེ་བའི་ལོ་ཤས་རིང་། མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་དག་པ་གྲོང་ཚོས་གཟི་བྱིན་བླ་མཚོའི་ཡུལ་སྐོར་ལམ་རྒྱུད་དུ་ཡོད་པའི་ལེགས་ཆ་གང་ལེགས་བཏོན་ཐོག“ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་གནས་འཕྲོད། ཡུལ་སྲོལ་ཤེས་དཔལ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག”བཅས་ཀྱི་སྤྱིའི་བླང་བྱར་དམིགས་ནས“མཁྲེགས་འགྱུར་དང་། ལྗང་འགྱུར། དཀར་ཆ། མཛེས་འགྱུར། ཚད་ལྡན་ཅན”བཅས་ཀྱི་མཐོར་འདེགས་ལས་གྲྭ་འཛུགས་སྐྲུན་ཧུར་ཐག་བྱས་པས། མང་ཚོགས་ཀྱི་སྡོད་མལ་ཁོར་ཡུག་དང་འཚོ་བའི་སྤུས་ཚད་ལེགས་སུ་ཕྱིན་ནས་གྲོང་གསེབ་དར་རྒྱས་ཀྱི་དཔེ་མཚོན་དུ་གྱུར་ཡོད་པ་རེད། འདི་ནི་མལ་གྲོ་གུང་དཀར་རྫོང་དག་པ་གྲོང་ཚོའི་རྣམ་པ་གསར་པ་ཡིན་པ།
འབྲེལ་ཡོད་གསར་འགྱུར།