ཀུའེ་ཀྲོའུ་ཡིས་དེང་རབས་ཅན་གྱི་ནུས་རྒྱུའི་མ་ལག་མགྱོགས་མྱུར་བསྐྲུན་པ།
ཉེ་བའི་ལོ་ཤས་རིང་། ཀུའེ་ཀྲོའུ་ཡིས་ཕྱོགས་བསྡུས་ནུས་རྒྱུའི་རྟེན་གཞི་གསར་པ་མགྱོགས་མྱུར་སྐྲུན་པ་དང་། སྔོན་ཐོན་གྱི་སོལ་གློག་འཕྲུལ་ཚན་འཛུགས་པ། རླུང་གློག་དང་འོད་ཤུགས་སོགས་ནུས་རྒྱུ་གསར་པའི་ཐོན་ལས་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་གཏོང་བ། ལྷོ་ནུབ་ས་ཁོངས་ཀྱི་གློག་ཤུགས་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་གཙང་ལ་ཐཱན་ཉུང་བ་དང་བདེ་འཇགས་ལྡན་ལ་ནུས་པ་ཆེ་བའི་དེང་རབས་ཅན་གྱི་ནུས་རྒྱུའི་མ་ལག་ཧུར་ཐག་བསྐྲུན་ཡོད། གསར་འགོད་པར་ཀུའེ་ཀྲོའུ་ཞིང་ཆེན་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། 2025ལོའི་ཟླ་6པའི་ཟླ་མཇུག་བར། ཀུའེ་ཀྲོའུ་གློག་ཤུགས་ཀྱིས་ཁྱོན་གློག་ཆན་ཝ་དུང་ཕྱུར་1ལྷག་ཙམ་བཏང་བའི་ནང་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཀྱིས་བཟུང་བའི་བསྡུར་ཚད་བཅུ་ཆ་དྲུག་ལས་བརྒལ་ཡོད་པ་རེད།
འདི་ནི་ཙུན་དབྱི་གྲོང་ཁྱེར་དུ་གནས་པའི་ཝུའུ་ཅང་ཀོའུ་ཕི་ཐན་ཆུ་ཤུགས་གློག་ཁང་ཡིན་པ།
འབྲེལ་ཡོད་གསར་འགྱུར།