ས་མཐོའི་གཞུང་ལམ་བོད་ལྗོངས་མི་དམངས་ཀྱི་བདེ་སྐྱིད་ལམ་བུར་གྱུར་པ།
འདི་ནི་བོད་ལྗོངས་ནག་ཆུ་ནས་ལྷ་ས་བར་གྱི་རིམ་མཐོའི་གཞུང་ལམ་ཡིན་པ། (2021ལོའི་ཟླ་9ཚེས་27ཉིན་པར་བརྒྱབ)
འདི་ནི་བོད་ཀྱི་S5ལམ་ཐིག་གི་ལྷ་ས་ནས་རྩེད་ཐང་བར་གྱི་རིམ་མཐོའི་གཞུང་ལམ་དུ་རླངས་འཁོར་སྐྱོད་བཞིན་པ། (2025ལོའི་ཟླ་7ཚེས་31ཉིན་པར་བརྒྱབ)
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་གཞུང་ལམ་འཛུགས་སྐྲུན་བྱ་འཕུར་བ་ལྟར་འཕེལ་རྒྱས་བྱུང་ཡོད། 2012ལོ་ནས་2024ལོ་བར་བོད་ཀྱིས་རིམ་རྩིས་བརྒྱབ་ན། གཞུང་ལམ་འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་4019.25བཏང་བ་དང་། གཞུང་ལམ་གྱི་སྤྱིའི་ལམ་ཐག་2012ལོའི་སྤྱི་ལེ་ཁྲི་6.52ནས་2024ལོའི་ལོ་མཇུག་གི་སྤྱི་ལེ་ཁྲི་12.49བར་རིང་དུ་ཕྱིན་ཡོད།
དེང་གི་བོད་ལྗོངས་སུ་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཉིན་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་ཅིང་། ལྷ་ས་ལྟེ་བར་བྱས་ཏེ་གཞིས་རྩེ་དང་། ལྷོ་ཁ། ཉིང་ཁྲི། ནག་ཆུ་བཅས་ལ་ཁྱབ་པའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་ཕྱོགས་ཡོངས་ནས་བསྐྲུན་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་པས། མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་ཡོད།
འབྲེལ་ཡོད་གསར་འགྱུར།