དེང་རབས་ཞིང་ལས་ལག་རྩལ་གྱིས་བྱེ་ས་ལེགས་བཅོས་ལ་རམ་འདེགས་བྱས་པ།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གིས་ཚད་གཞི་མཐོ་བའི་ལྗང་མདོག་སྐྱེ་ལྡན་ཞིང་ལས་ཐོན་སྐྱེད་བྱེད་སྟངས་མཐའ་འཁྱོངས་ཀྱིས་དྲོད་ཁང་ཆེན་པོ་དང་ཐིགས་ཆུ་གཏོང་བ་སོགས་ཀྱི་དེང་རབས་ཞིང་ལས་རྨང་གཞིའི་སྒྲིག་བཀོད་ནང་འདྲེན་བྱས་ཏེ། དེང་རབས་ཞིང་ལས་ལ་བརྟེན་ནས་བྱེ་ས་ཅན་ལེགས་བཅོས་བྱས་ཡོད། ད་ཆ་ས་མཐོའི་བྱེ་སར་སྐྱེ་ལྡན་ཤིང་འབྲས་སྤུས་ལེགས་དང་སྔོ་ཚལ་སྣ་ཚོགས་སྐྱེ་ཐུབ་པ་དང་ས་གནས་དེ་གའི་གྲོང་གསེབ་དར་རྒྱས་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད། འདི་ནི་བོད་ལྗོངས་གྲ་ནང་རྫོང་གི་སྡོང་ཐུང་ཀུ་ཤུ་འདེབས་འཛུགས་གླིང་དུ་ལས་དོན་པས་ཀུ་ཤུའི་སྐྱེ་འཚར་ལ་ལྟ་བཞིན་པ།
འབྲེལ་ཡོད་གསར་འགྱུར།