ཉིང་ཁྲིའི་ལམ་ཕྱེད་མར་སུན་འགྲན་རྒྱུག་ཚ་ཚ་འུར་འུར་ངང་འགོ་ཚུགས་པ།
འདི་ནི་མར་སུན་འགྲན་རྒྱུག་འགོ་ཚུགས་པའི་རྣམ་པ་ཡིན་པ།
ཟླ་7ཚེས་27ཉིན་གྱི་སྔ་དྲོར། 2025ལོའི་ཉིང་ཁྲིའི་གནམ་ལྕགས་འབར་བའི་ས་མཐོའི་ལུས་རྩལ་ཚོགས་ཆེན་ཏེ། ཆེས་བྲིན་བོད་སྨན·ཉིང་ཁྲིའི་ལམ་ཕྱེད་མར་སུན་འགྲན་རྒྱུག་འགོ་ཚུགས་པ་རེད། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་མར་སུན་འགྲན་རྒྱུག་ལ་དགའ་པོ་བྱེད་མཁན་3000ལྷག་ཙམ་ཉིང་ཁྲིའི་ཀོང་པོའི་སྤྱི་གླིང་ནས་ཐོན་ཞིང་། ཁོང་ཚོས་སྤྲོ་སྣང་ཆེན་པོས་རྒྱུག་ཤར་གློད་ནས་རང་ཉིད་ལ་འགྲན་སློང་དང་མྱུར་ཚད་ལ་རྗེས་སྙེག་བྱས་ཏེ། རྒྱུག་ཤར་གློད་པའི་ལམ་བར་དུ་ཉིང་ཁྲིའི་ལྟ་ན་སྡུག་པའི་མཛེས་ལྗོངས་སྣ་ཚོགས་ཉམས་ལེན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།