དབུ་ཤོག>པར་མཛོད།>པར་མཁན།
  • ཝུའུ་རྨ་མྱུར་བགྲོད་གཞུང་ལམ་གྱི་ཉིང་ཞ་ལམ་དུམ་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-29

    ཉེ་ཆར། ཝུའུ་རྨ(ནང་སོག་ཝུའུ་ཧའེ་གྲོང་ཁྱེར་ནས་མཚོ་སྔོན་རྨ་ཆེན་རྫོང་བར)མྱུར་བགྲོད་གཞུང་ལམ་ཧུའེ་ནུང(ནང་སོག་དང་ཉིང་ཞ་ས་མཚམས)ནས་ཧྲི་ཙུའེ་ཧྲན་བར་གྱི་ལམ་དུམ་ཡོངས་སུ་བསྐྲུན་ཏེ་རླངས་འཁོར་ཤར་གཏོང་ཐུབ་པ་དེ་ལས་ཝུའུ་རྨ་མྱུར་བགྲོད་གཞུང་ལམ་གྱི་ཉིང་ཞ་ལམ་དུམ་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པ་མཚོན་གྱི་ཡོད། ཝུའུ་རྨ་མྱུར་བགྲོད་གཞུང་ལམ་ཉིང་ཞ་ལམ་དུམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་360ཟིན་ཞིང་། རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་དྲ་བ་རུང་ཝུའུ(ཧྲན་ཏུང་རུང་ཁྲེང་གྲོང་ཁྱེར་ནས་ནང་སོག་ཝུའུ་ཧའེ་གྲོང་ཁྱེར་བར)མྱུར་བགྲོད་གཞུང་ལམ་གྱི་འབྲེལ་གཏུག་ལམ་ཐིག་གལ་ཆེན་ཞིག་རེད། ཝུའུ་རྨ་མྱུར་བགྲོད་གཞུང་ལམ་ཧུའེ་ནུང་ནས་ཧྲི་ཙུའེ་ཧྲན་བར་གྱི་ལམ་དུམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་57ཟིན་པ་དང་། རགས་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་56བཏང་ནས་ཕྱོགས་གཉིས་དང་འཁོར་ལམ་བཞི་ཡི་མྱུར་བགྲོད་གཞུང་ལམ་གྱི་ཚད་གཞི་ལྟར་བསྐྲུན་ཡོད། འདི་ནི་ཝུའུ་རྨ་མྱུར་བགྲོད་གཞུང་ལམ་ཧུའེ་ནུང་ནས་ཧྲི་ཙུའེ་ཧྲན་བར་གྱི་ལམ་དུམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོ་འཚོག་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།