ས་མཐོའི་ཐབ་ཆས་འབེལ་ལྷུག་ལྷུག དམངས་ཀྱི་འཚོ་བ་སྐྱིད་ལྷང་ལྷང་།
འདི་ནི་ལས་མིས་ས་མཐོའི་ཐབ་ཆས་བཟོ་བཞིན་པ།
འདི་ནི་ས་མཐོའི་ཐབ་ཆས་ཁག་གཅིག་ཡིན་པ།
བོད་ལྗོངས་ནི་ས་ཁད་མཐོ་བ་དང་རླུང་གནོན་དམའ་བས། ཆུའི་འཁོལ་ཚད་ཀླུང་ཐང་ལས་དམའ་བར་བརྟེན། དབུགས་རྡིག་ནི་ས་མཐོའི་མང་ཚོགས་ཀྱི་གཡོས་སྦྱོར་ལ་ངེས་པར་དུ་མཁོ་བའི་ཐབ་ཆས་སུ་གྱུར་ཡོད། འོན་ཀྱང་། སྲོལ་རྒྱུན་གྱི་དབུགས་རྡིག་ལ་སྤྱོད་མི་བདེ་བ་དང་། བྱེད་ནུས་མང་པོ་མེད་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཐོན་སླ་བ་སོགས་ཀྱི་ཞན་ཆ་ཡོད་སྟབས། རྙོག་དྲ་དེ་དག་ལ་དམིགས་ནས་བོད་ཀྱིས་ཆེད་མངགས་ས་མཐོར་སྤྱོད་པར་འཚམ་པའི་ཐབ་ཆས་ཁག་གཅིག་བཟོས་ཤིང་། མིག་སྔར་རིགས་ཆེན་པོ་7གྱི་ཐོན་རྫས་སྣ་ཁ་30ལྷག་ཙམ་བཏོན་ཡོད་པ་དང་། དེའི་ནང་རྒྱུན་གཏན་གྱི་གཡོས་སྦྱོར་ལ་མཁོ་བའི་ཐབ་ཆས་ཚུད་ཡོད་པས། དེས་ས་མཐོའི་མང་ཚོགས་ཀྱི་གཡོས་སྦྱོར་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད།
འབྲེལ་ཡོད་གསར་འགྱུར།