ས་མཐོའི་གླ་ཚེར་གྱི་ངོ་མཚར་གཏམ་རྒྱུད།
ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གནས་ཡུལ་ནི་ས་བབ་མཐོ་བ་དང་གྲང་ངར་ཆེ་ལ། གནམ་གཤིས་སྐམ་ཤས་ཆེ་ཞིང་། ཆ་སྙོམས་ས་བབ་སྨི་3800ཟིན་གྱི་ཡོད། དུས་རབས་20པའི་ལོ་རབས་60པར། ལྷུན་རྩེའི་ལུང་གཞུང་གང་སར་ས་རྒོད་ཀྱིས་ཁེངས་ཤིང་བྱེ་རླུང་འཚུབ། 1964ལོར་ཞིང་པ་ཤང་གི་ཤང་ཀྲང་ལྷ་འཛོམས་ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཞིང་པ་ཤང་མང་མཚོ་གྲོང་ཚོའི་བྱེ་ཐང་དུ་གླ་ཚེར་དང་། རྒྱ་ལྕང་། སྦྱར་པ་སོགས་ཤིང་སོན་སྣ་ཁ་ལྔ་ཚོད་འདེབས་བྱས་པ་དང་། མཐར་གླ་ཚེར་གཅིག་པུ་སྐྱེ་འཚར་ཐུབ་ཡོད། 1965ལོར་ལྷུན་རྩེ་རྫོང་དུ་གླ་ཚེར་འདེབས་འཛུགས་ཁྱབ་གདལ་གཏོང་འགོ་ཚུགས། དུས་རབས་ཕྱེད་ཙམ་འབད་བརྩོན་བྱས་པ་བརྒྱུད། ལྷུན་རྩེའི་ལུང་གཞུང་དུ་རིང་ཚད་སྤྱི་ལེ་40ལྷག་ཙམ་དང་ས་ཁྱོན་སྤྱི་ལེ་ངོས་གྲུ་50ཟིན་པའི་གླ་ཚེར་གྱི་སྐྱེད་ཚལ་བསྐྲུན་པས། སྐྱེ་ཁམས་དང་། ཐོན་སྐྱེད། དམངས་འཚོ། རིག་གནས་བཅས་ཞི་མཐུན་འཕེལ་རྒྱས་ཕྱིན་ཡོད། 2019ལོར་ལྷུན་རྩེ་རྫོང་གི་གླ་ཚེར་སྐྱེད་ཚལ་དེ་འཛམ་གླིང་ཟིན་འགོད་ཀྱི་བདེན་དཔང་ར་སྤྲོད་སྒྲིག་གཞི(WRCA)ཡིས“འཛམ་གླིང་གི་མི་ཐབས་འདེབས་འཛུགས་ཡུག་འབྲེལ་གླ་ཚེར་སྐྱེད་ཚལ་ཆེ་ཤོས”ལ་བདེན་དཔང་ར་འཕྲོད་ནས་ལྷུན་རྩེ་རྫོང་གི་སྐྱེ་ཁམས་ཀྱི་མིང་བྱང་ཡག་ཤོས་ཤིག་ཏུ་གྱུར་ཡོད། འདི་ནི་ལྷུན་རྩེ་རྫོང་གི་རྫོང་གྲོང་དང་གླ་ཚེར་སྐྱེད་ཚལ་ཡིན་པ།
འབྲེལ་ཡོད་གསར་འགྱུར།