དབུ་ཤོག>པར་མཛོད།>པར་མཁན།
  • གྲམ་ཐང་གི་ཤིས་ཀྭ་ཁྲོམ་རར་བཏོན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-28

    འདི་ནི་ཀྲུང་ཝེ་གྲོང་ཁྱེར་ཧྲ་ཕོ་ཐོའུ་ཆུས་ཤང་ཧྲན་ཤང་གི་ཤིས་ཀྭ་ཞིང་ཁ་ཡིན་པ།

    འདི་ནི་ཀྲུང་ཝེ་གྲོང་ཁྱེར་ཧྲ་ཕོ་ཐོའུ་ཆུས་ཤིང་རེན་གྲོང་རྡལ་དུ་ཞིང་པས་ཤིས་ཀྭ་དབོར་བཞིན་པ།

    དབྱར་གཞུང་དུ་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཀྲུང་ཝེ་གྲོང་ཁྱེར་ཧྲ་ཕོ་ཐོའུ་ཆུས་ཀྱི་འདེབས་ཁྱོན་མུའུ་ཁྲི་བཅུ་ཙམ་ཟིན་པའི་ཤིས་ཀྭ་དངོས་སུ་ཁྲོམ་རར་འདོན་འགོ་ཚུགས་ཤིང་། ཧོན་ཤང་རི་བོའི་ལྟེ་བའི་ཐོན་ཁུལ་དུ་ཀྭ་རིགས་འདེབས་མཁན་ཞིང་པ་ཚོས་ཞིང་ལས་དུས་ཚོད་དམ་འཛིན་གྱིས་ཤིས་ཀྭ་བསྡུ་བཞིན་ཡོད།

    ས་གནས་དེ་གའི་ཐན་སྐམ་ནམ་ཟླ་དང་ཤིས་ཀྭ་སྐྱེ་བཟང་བའི་ས་རྒྱུའི་རྐྱེན་གྱིས་གྲམ་ཐང་ཐོག་སྐྱེས་པའི་ཤིས་ཀྭར“བོངས་ཆེ་བ་དང་། ནང་ཤ་མང་བ། ཁུ་བ་མང་བ། རོ་མངར་བ”བཅས་ཀྱི་ཁྱད་ཆོས་ཡོད་པས། གྲམ་ཐང་གི“མཆོག་ནོར”ཞེས་པའི་མཚན་སྙན་ཐོབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཞ་ཀྲུང་ཝེ་གྲོང་ཁྱེར་གྱི་ད་ལོའི་ཤིས་ཀྭ་འདེབས་ཁྱོན་མུའུ་ཁྲི་46.95ཟིན་པ་དང་སྔོན་དཔག་བྱས་ན་ཐོན་ཚད་ཏུན་ཁྲི་115ཟིན་རྒྱུ་ཡིན་ཞིང་། ཤིས་ཀྭ་ཐོན་ལས་ནི་ས་གནས་དེ་གའི་ཞིང་པར་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཀ་རྟེན་ཐོན་ལས་ཤིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།