དབུ་ཤོག>པར་མཛོད།>པར་མཁན།
  • བསིལ་གྲིབ་ས་ཚིགས་བསྐྲུན། དབྱར་གཞུང་ཚ་གདུག་བསལ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-07-28

    འདི་ནི་ཀན་སུའུ་ཞིང་ཆེན་ཝུའུ་ཝུའེ་གྲོང་ཁྱེར་ཀུའུ་ལང་རྫོང་གི་ལས་ཡུལ་ཞིག་ཏུ་ངལ་རྩོལ་པས་ལས་ཀའི་བར་གསེང་དུ་ཚ་གཡོལ་བསིལ་གྲིབ་ས་ཚིགས་སུ་ཤིས་ཀྭ་ཟ་བཞིན་པ།

    འདི་ནི་འཐབ་ས་དང་པོའི་ངལ་རྩོལ་པས་ཤིས་ཀྭ་ཁུར་ཏེ་ཚ་གཡོལ་བསིལ་གྲིབ་ས་ཚིགས་ནས་ཕྱིར་དོན་བཞིན་པ།

    ཉེ་ཆར་ཀན་སུའུ་ཡི་ས་ཆ་མང་པོར་ཚ་གདུག་ཤིན་ཏུ་ཆེ་ཞིང་། རྣམ་གྲངས་འཛུགས་སྐྲུན་ལས་ཡུལ་མང་པོར་ཚ་གཡོལ་བསིལ་གྲིབ་ས་ཚིགས་བཙུགས་ནས་ཚ་འགོག་དངོས་རྫས་དང་སྨན་རྫས་སྤྲད་པ་མ་ཟད། ད་དུང་ཚ་གདུག་ནད་མྱུར་སྐྱོབ་དང་འགོག་སྲུང་སོགས་ཀྱི་གསོ་སྦྱོང་ཡང་བྱས་ཏེ། ལས་གནས་བརྟན་སྲུང་བྱེད་མཁན་འཐབ་ས་དང་པོའི་ངལ་རྩོལ་པར་སེམས་ཁུར་དང་གཅེས་སྐྱོང་གང་ཐུབ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།