དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • བདེ་སྐྱིད་ལྡན་པའི་ས་ཚུགས་ཀྱིས་མི་སེམས་དྲོ་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-27

    ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་གསུམ་ལྡན་གྲོང་ཚོའི་བདེ་སྐྱིད་ལྡན་པའི་ས་ཚུགས་2020ལོའི་ཟླ་7པར་ལས་གཉེར་བྱེད་འགོ་ཚུགས་ཤིང་། ཉིན་མོར་ལྟ་རྟོག་བྱེད་དགོས་པའི་རྒན་རྒོན་18བསྡུས་པ་མ་ཟད། ད་དུང་གྲོང་ཚོ་དེ་གའི་ལས་མི་གླས་ནས་རྒན་རྒོན་ལ་བཟའ་བཏུང་དང་རྒྱུན་གཏན་གྱི་ལུས་གསོའི་ཞབས་འདེགས་ཞུ་གི་ཡོད།

    2023ལོར་ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་མ་དངུལ་གྱི་རྒྱབ་སྐྱོར་འོག་གསུམ་ལྡན་གྲོང་ཚོས“བདེ་སྐྱིད་ལྡན་པའི་ས་ཚུགས”ཉམས་བཟོ་བྱས་ནས་གཅིག་སྡུད་རྒན་གསོ་དང་བྱིས་བཅོལ་གཞི་གཅིག་ཅན་གྱི“བདེ་སྐྱིད་ལྡན་པའི་ས་ཚུགས”ཤིག་ཆགས་ཡོད།

    འདི་ནི་རྒན་རྒོན་ཚོས་གསུམ་ལྡན་གྲོང་ཚོའི་བདེ་སྐྱིད་ལྡན་པའི་ས་ཚུགས་ཀྱི་ཉིན་མོའི་ལྟ་རྟོག་ཁང་དུ་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།