གངས་ཤུད་ཀྱི་དགུན་སྒར་དབྱར་སྒར་འགོ་ཚུགས་པ།
ཉེ་ཆར། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་རང་སྐྱོང་ལྗོངས་རི་འཛེག་རུ་ཁག་གིས་གཉེར་འགན་ཁུར་བའི“2025ལོའི་བོད་རང་སྐྱོང་ལྗོངས་གངས་ཤུད་ལུས་རྩལ་གྱི་དགུན་སྒར་དབྱར་སྒར”གྱི་འགོ་ཚུགས་མཛད་སྒོ་རང་སྐྱོང་ལྗོངས་རི་འཛེག་རུ་ཁག་ཏུ་འཚོགས་པ་རེད། ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་གངས་ཤུད་ལུས་རྩལ་ཁྱབ་གདལ་བཏང་སྟེ། གཞོན་ནུ་ལོ་ཆུང་དེ་བས་མང་བས་གངས་འཁྱགས་ཀྱི་ཡིད་དབང་འགུག་ཤུགས་ཉམས་ལེན་དང་ལུས་རྩལ་ཁྲོད་བློ་སྟོབས་ལ་ཞུན་བརྡར་བྱས་ནས་ལང་ཚོའི་གསོན་ཤུགས་འཕེལ་བར་བྱ་ཆེད་ཡིན་པ་རེད། འདི་ནི་དགུན་སྒར་དབྱར་སྒར་ལ་ཞུགས་པའི་གཞོན་ནུ་ལོ་ཆུང་ཚོས་སྦྱོང་བརྡར་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།