དབུ་ཤོག>པར་མཛོད།
  • ཞིང་ཁྱིམ་གསར་པ་མཛེས། ཡུལ་མིའི་འཛུམ་ཞལ་མཚར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-25

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གིས“མང་ཚོགས་ཀྱི་རང་མོས་དང་། ཡུལ་བབ་དང་བསྟུན་པ། རིམ་བགྲོད་གོང་འཕེལ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། གྲོང་གསེབ་ཀྱི་ཁང་པ་སྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་བཏང་ཞིང་། དེའང་སྣང་རྫོང་གྲོང་མདའ་གྲོང་རྡལ་བླ་གདན་ཞོལ་གྲོང་ཚོ་ནི་དེའི་ནང་གི་དཔེ་མཚོན་ཞིག་རེད། དེ་སྔའི་ཡུལ་མིའི་སྡོད་ཁང་མང་ཆེ་བ་རྡོ་ཤིང་ལས་གྲུབ་པ་དང་། ཡོམ་འགོག་ནུས་པ་ཞན་པ། ཉི་འོད་ཕོག་ཡུན་ཐུང་བ་སོགས་ཀྱི་དོན་དངོས་ལ་དམིགས་ནས། ཆེད་ལས་ཇུས་འགོད་ཚོགས་པ་གདན་དྲངས་ཏེ། མང་ཚོགས་ཀྱི་སྡོད་ཁང་དགོས་མཁོ་སྐོང་གང་ཐུབ་བྱས་ཡོད། མིག་སྔར་བླ་གདན་ཞོལ་གྲོང་ཚོར་དུད་ཚང་42དང་མི་178ཁང་པ་གསར་པར་སྤོས་ཡོད་པ་རེད། འདི་ནི་ཟླ་7ཚེས་21ཉིན་པར་བརྒྱབ་པའི་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གྲོང་མདའ་གྲོང་རྡལ་བླ་གདན་ཞོལ་གྲོང་ཚོ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།