སྤེལ་རེས་སློབ་སྦྱོང་བྱས། མཛེས་པའི་ཁྱིམ་གཞིས་བསྐྲུན།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ལོག་གླེན་ཤང་སྦུ་མུ་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་གྲོང་ཚོའི་ཏང་ཡོན་སྒྲིག་འཛུགས་བྱས་ནས། རྒྱ་ཚ་རྫོང་བཙོག་ཆུ་གཙང་གསིང་བཟོ་གྲྭར་ལྟ་སྐོར་སློབ་སྦྱོང་གི་བྱེད་སྒོ་སྤེལ་བ་རེད། ལྟ་སྐོར་བྱེད་རིང་། ཏང་ཡོན་དང་ལག་རྩལ་མི་སྣས་བཙོག་ཆུ་གཙང་གསིང་གི་རྩ་བའི་རིགས་པ་དང་། ཆུ་བསྐྱར་སྤྱོད་ཐབས་ལམ། རྒྱུན་གཏན་གྱི་ཆུ་གྲོན་ཆུང་དང་སྦགས་བཙོག་ཉུང་གཏོང་གི་བྱ་ཐབས་བཅས་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད། འདི་ནི་རྒྱ་ཚ་རྫོང་ལོག་གླེན་ཤང་སྦུ་མུ་གྲོང་ཚོའི་ཏང་ཡོན་གྱིས་རྫོང་བཙོག་ཆུ་གཙང་གསིང་བཟོ་གྲྭར་ལྟ་སྐོར་སློབ་སྦྱོང་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།