དབུ་ཤོག>པར་མཛོད།
  • ལང་ཚོའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ལས་གཏོད་ཀྱི་ཕུགས་འདུན་དོན་གཉེར་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-23

    འདི་ནི་ཐོན་ལས་ཚོགས་ཆུང་གི་རྣམ་གྲངས་ཀྱིས་འགྲན་བསྡུར་གཙོ་གཉེར་ཕྱོགས་དང་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་འགོད་བཞིན་པ།

    འདི་ནི་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོག་ཡུལ་ཡིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་གཞོན་ནུའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེན་པོ་སྐབས་བརྒྱད་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་བོད་ལྗོངས་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་གྱིམ་ཤིང་ཀོང་ཇོ་འཁྲབ་རར་བདེ་བླག་ངང་འཚོགས་པ་རེད། ད་རེས་ཀྱི་འགྲན་བསྡུར་ཆེན་པོར“ལང་ཚོར་བརྟེན་ནས་འབྱུང་འགྱུར་གཏོད། ལྷ་སར་ཕུགས་འདུན་མངོན་འགྱུར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཉིན་60ལྷག་ཙམ་རིང་འགྲན་རྩོད་དྲག་པོ་བྱས་པ་བརྒྱུད་གྲོང་གསེབ་དར་རྒྱས་དང་། ཚན་རྩལ་གསར་གཏོད། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཚུད་པའི་ཕུལ་བྱུང་རྣམ་གྲངས་184ལས་གར་སྟེགས་ཐོག་འགྲན་རྩོད་བྱས་མཐར་ཕུལ་བྱུང་རྣམ་གྲངས་23གཟེངས་སུ་ཐོན་ཏེ་ལྷ་སའི་གཞོན་ནུའི་གསར་གཏོད་ཀྱི་ངར་ཤུགས་དང་དངོས་སྒྲུབ་ཀྱི་སྙིང་སྟོབས་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།