ཏང་དམངས་ཀྱི་ཞབས་ཞུ་ལྟེ་གནས་སུ་དབྱར་གསེང་ལ་རོལ་བ།
གུང་གསེང་སྐབས་ལོ་ཆུང་བྱིས་པར་ལྟ་སྐྱོང་བྱེད་མཁན་མེད་པའི་དཀའ་ངལ་སེལ་བ་དང་གུང་གསེང་གི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད། ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་གྱི་རིམ་ཁག་ཏང་དམངས་ཀྱི་ཞབས་ཞུ་ལྟེ་གནས་ཀྱིས་འཐབ་སའི་ལེགས་ཆ་ཧུར་ཐག་བཏོན་ནས་ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་གྱིས་གསར་བརྗེའི་སློབ་གསོ་དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན། སྤྱི་ཕན་སློབ་ཚན། ཁྱད་ལྡན་ཞིབ་སྦྱོང་སོགས་གུང་གསེང་སྐབས་ཀྱི་ཆེད་དོན་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ལོ་ཆུང་བྱིས་པས་ཏང་དམངས་ཀྱི་ཞབས་ཞུ་ལྟེ་གནས་སུ་བདེ་འཇགས་དང་སྤྲོ་སྣང་ལྡན་པའི་གུང་གསེང་ཞིག་གཏོང་ཐུབ་པར་བྱས་ཤིང་། འདི་ནི་ཧང་ཀྲོའུ་གྲོང་ཁྱེར་ཀུང་ཡེ་ཆུས་ཁང་ཆའོ་ཁྲོམ་གཞུང་གི་མྱུར་སྐྱེལ་ཨ་ཇོའི་ཏང་དམངས་ཀྱི་ཁྱིམ་གཞིས་སུ་དགེ་རྒན་གྱིས་ཕྲུ་གུ་ཚོ་དང་མཉམ་དུ་རྩེད་མོ་རྩེ་བཞིན་པ།
འབྲེལ་ཡོད་གསར་འགྱུར།