དབུ་ཤོག>པར་མཛོད།>པར་མཁན།
  • ཀྲང་ཅང་མཚོ་ཁུག་གི་མཚོ་སྒྲོལ་ཟམ་ཆེན་གྱི་གནས་སྐབས་ཟམ་པ་གཙོ་བོ་བསྐྲུན་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-22

    ཉེ་ཆར། གསར་དུ་བསྐྲུན་པའི་ཀྲང་ཀྲོའུ་ནས་ཧྲན་ཐོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་ཀྲང་ཅང་མཚོ་ཁུག་གི་མཚོ་སྒྲོལ་ཟམ་ཆེན་གྱི་གནས་སྐབས་ཟམ་པ་གཙོ་བོ་བསྐྲུན་ཟིན་ཏེ་རྗེས་མཐུད་མཚོ་ཐོག་ལས་དོན་གྱི་ཕྱོགས་ཁག་གི་ཨར་སྐྲུན་ལ་རྨང་གཞི་བཏིང་ཡོད། ཀྲང་ཀྲོའུ་ནས་ཧྲན་ཐོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་བྱང་སྣེ་ཧྥུའུ་ཞ་མྱུར་བགྲོད་ལྕགས་ལམ་དང་སྦྲེལ་བ་དང་། ལྷོ་སྣེ་ཧྲན་ཧྲན་མྱུར་བགྲོད་ལྕགས་ལམ་དང་སྦྲེལ་བ་དེ་ནི་རྒྱལ་ཁབ་ཀྱི“གཞུང་བརྒྱད་འཕྲེད་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་མཚོ་རྒྱུད་བགྲོད་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། ཀྲང་ཀྲོའུ་ནས་ཧྲན་ཐོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་རྗེས་ས་ཁོངས་ཀྱི་ལྕགས་ལམ་དྲ་བའི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ཏེ་ཤར་རྒྱུད་མཚོ་འགྲམ་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་ཐུབ་རྒྱུ་ཡིན་ཞིང་། འདི་ནི་ཀྲང་ཅང་མཚོ་ཁུག་གི་མཚོ་སྒྲོལ་ཟམ་ཆེན་གྱི་གནས་སྐབས་ཟམ་པ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།