རིག་ལྡན་འབྲུ་གསོག་གིས་དབྱར་འབྲུར་ལོ་ལེགས་ཡོང་བར་རམ་འདེགས་བྱས་པ།
ཉེ་ཆར་ཉིང་ཞ་རྨ་ཆུའི་ཆུ་འདྲེན་ཁུལ་གྱི་དབྱར་འབྲུར་ལོ་ལེགས་བྱུང་བའི་དུས་ཚིགས་ཤར་བས། ཞིང་དུད་ཀྱིས་འབྲུ་རིགས་རྩིས་སྤྲོད་ཕྱིར་ཚོང་བྱེད་པའི་ཧུར་སེམས་ཆེ་རུ་གཏོང་བ་དང་དབྱར་འབྲུ་གསོག་ཉར་གྱི་སྤུས་འབོར་འགན་ལེན་བྱ་ཆེད། ཉིང་ཞ་འབྲུ་རིགས་ཚོགས་པས་ཟོག་སྦྲེལ་དྲ་རྒྱ་དང་གྲངས་གཞི་ཆེན་པོ་སོགས་ཀྱི་ལག་རྩལ་བེད་སྤྱོད་བྱས་པ་བརྒྱུད། དབྱིན་ཁྲོན་གྲོང་ཁྱེར་པིན་ཧོ་གྲབས་གསོག་མཛོད་དུ“གྲངས་འཛིན་དོ་དམ་དཔེ་སྟོན་མཛོད”བསྐྲུན་ནས“མཛོད་ཁུལ་རིག་ནུས་ཅན་དང་། མཛོད་ཁང་རིག་ནུས་ཅན”སོགས་ཀྱི་ནུས་ཆེའི་གསོག་ཉར་མ་ལག་བཏོད་དེ་དབྱར་འབྲུ་གསོག་ཉར་ལས་དོན་ལ་རིག་ལྡན་གྱི་འདེགས་སྐྱོར་བྱས་ཡོད།
འདི་ནི་ཉེ་ཆར་ཉིང་ཞ་འབྲུ་རིགས་ཚོགས་པ་དབྱིན་ཁྲོན་པིན་ཧོ་གསོག་ཉར་མཛོད་ཁང་དུ་འབྲུ་རིགས་རྩིས་སྤྲོད་རླངས་འཁོར་གྱིས་རུ་བསྒྲིགས་ནས་མི་མེད་རིག་ནུས་ཀྱི་ཞིབ་བཤེར་དང་ལེན་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།