ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
འདི་ནི་བོད་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཚན་ཞིབ་མི་སྣས་ནགས་ཁྲོད་སྐྱེ་དངོས་ཀྱི་དཔེ་འགྲེའི་འདེབས་གསོའི་ལག་རྩལ་སྤྱད་དེ་གསོ་སྐྱོང་བྱས་པའི་བོད་ཀྱི་ས་མཐོའི་ཀོ་ཤར་ལྟ་བཞིན་པ།
འདི་ནི་བོད་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་དེང་རབས་ཅན་གྱི་རྒུན་འབྲུམ་འདེབས་འཛུགས་དཔེ་སྟོན་རྟེན་གཞིར་ལས་མིས་རྒུན་འབྲུམ་གྱི་སྐྱེ་འཚར་ལ་ལྟ་བཞིན་པ།
བོད་ལྗོངས་ཞིང་འབྲོག་ཚན་རྩལ་གསར་གཏོད་ཀྱི་གཙོ་ཤུགས་དམག་ཡིན་པའི་བོད་ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་ཐོག་མཐའ་བར་གསུམ་དུ་ས་མཐོའི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་ཚན་རྩལ་གསར་གཏོད་སྣེ་ཁྲིད་དུ་བྱས་ཏེ། ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱས་ཡོད། ཁྱད་ལྡན་འདེབས་འཛུགས་ཁྱབ་ཁོངས་སུ། ཁང་དེས་ས་མཐོའི་ཁྱད་ལྡན་ལོ་ཏོག་གི་སོན་སྤུས་ཐོན་ཁུངས་གསར་གཏོད་དང་སོན་རིགས་གསར་པ་འདེམས་གསོ་སོགས་འགག་རྩའི་ལག་རྩལ་གཙོ་གནད་ཐོག་ཚད་བརྒལ་བྱས་ཏེ། ནུས་ཆེའི་འདེབས་གསོའི་ལག་རྩལ་གོ་རིམ་ལྡན་པའི་ངང་ཞིབ་འཇུག་གསར་སྤེལ་བྱས་པས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ལེགས་སུ་དང་ཐོན་འབབ་མང་དུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།