ལྷ་སའི་མཚན་མོའི་གྲོང་གིས་ས་མཐོའི་མཚན་མོའི་དཔལ་འབྱོར་ལ་གསོན་ཤུགས་སྦྱིན་པ།
འདི་ནི་ལྷ་སའི་མཚན་མོའི་གྲོང་གི་སྒོ་བྱང་ཆེན་པོ་ཡིན་པ།
འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་འཁྲབ་སྟོན་བྱེད་བཞིན་པ།
འདི་ནི་སིལ་ཟས་ཚོང་མཁན་གྱིས་བསྲེགས་ཟས་བཟོ་བཞིན་པ།
ཟླ་7ཚེས་15ཉིན། ལྷ་སའི་གཡུ་ཐོག་ལམ་གྱི་མཚན་མོའི་གྲོང་དངོས་སུ་སྒོ་ཕྱེ་བ་རེད། ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་དང་འབྲེལ་ཞིང་རིང་ཚད་སྨི་370ཟིན་པའི་ལམ་དུམ་དེར“རིག་གནས་དང་། ཚོང་ལས། ཡུལ་སྐོར་བཅས་མཉམ་འདྲེས”ཀྱི་བྱ་ཐབས་ལ་བརྟེན་ནས། ཚོང་གཉེར་ཁྲོམ་བཀྱག་160ལྷག་ཙམ་བཙུགས་ཡོད་པ་རེད།
ས་ཡུལ་དངོས་སུ་དོས་སྒམ་སྒྱུ་རྩལ་ཁུལ་དང་། འཇའ་ཚོན་གློག་སྒྲོན་གྱི་རླངས་འཁོར་ཟ་ཁང་། བོད་བཟོའི་ཁྱད་ལྡན་ཤིང་ཁང་། སྒོ་དབྱེ་རྣམ་པའི་བློ་གསར་ཚོང་འདུས་བཅས་ཁྱད་ལྡན་ལས་རྣམ་ཆེན་པོ་བཞི་བཀོད་སྒྲིག་བྱས་ཤིང་། དེང་རབས་རིག་གནས་ཡུལ་སྐོར་གྱི་འདུ་ཤེས་ཐོག་ནས་གངས་ལྗོངས་ས་མཐོའི་མཚན་མོའི་དཔལ་འབྱོར་གྱི་གནས་རྟགས་གསར་པ་བཏོད་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།