ཐད་གཏོང་བྱས་ནས་ཞིང་པའི་ཚོང་ལམ་རྒྱ་ཆེར་གཏོང་བ།
ཉེ་བའི་ལོ་ཤས་རིང་། ཤིན་ཅང་ཨ་ཧོ་ཆི་རྫོང་གིས་ཏང་ཡོན་ལས་བྱེད་པ་དང་དྲ་ཐོག་ཚོང་དོན་གྱི་འཇོན་ཐང་ཅན་སོགས་སྟོབས་ཤུགས་ཁག་སྒྲིག་འཛུགས་ཧུར་ཐག་བྱས་ནས“ཐད་གཏོང་ཟོག་ཚོང”དང“ཞིང་ནང་དུ་བྱ་བ་དངོས་སྒྲུབ་པ”སོགས་ཞིང་པར་རོགས་རམ་བྱེད་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། ས་གནས་དེ་གའི་ཞིང་ལས་ཐོན་རྫས་ཕྱིར་ཚོང་གི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བ་དང་ཞིང་དུད་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད། འདི་ནི་ཉེ་ཆར་ཤིན་ཅང་ཨ་ཧོ་ཆི་རྫོང་ཁུའུ་ལན་ས་རི་ཁེ་ཤང་ཅི་ལེ་ཏེ་སི་གྲོང་ཚོའི་གླ་ཚེར་ཇ་ལོ་ལས་སྣོན་བཟོ་གྲྭར་ཏང་ཡོན་ལས་བྱེད་པས་ཐད་གཏོང་བརྒྱུད་ཞིང་དུད་ལ་ས་གནས་དེ་གའི་ཁྱད་ལྡན་གྱི་གླ་ཚེར་ཇ་ལོ་འོས་སྦྱོར་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།