དངུལ་ཁེ་མཉམ་ལས་འཕེལ་རྒྱས་ཡོང་བར་སྐུལ། ཏང་འཛུགས་ཁྲིད་སྟོན་ལེའུ་གསར་མཉམ་དུ་རྩོམ།
འདི་ནི་བྱེད་སྒོ་མཇུག་འགྲིལ་རྗེས་ཕྱོགས་གཉིས་པོས་མཉམ་པར་རྒྱག་བཞིན་པ།
འདི་ནི་ཕྱོགས་གཉིས་པོས་བཞུགས་མོལ་སྤེལ་རེས་བྱེད་བཞིན་པ།
ཉིན་ཤས་གོང་། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་བོད་ལྗོངས་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁུལ་གསུམ་པའི་ཏང་ཀྲི་པུའུ་དང་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་གི་ཏང་ཀྲི་པུའུ་གསུམ་པས“དངུལ་ཁེ་མཉམ་ལས་འཕེལ་རྒྱས་ཡོང་བར་སྐུལ། ཏང་འཛུགས་ཁྲིད་སྟོན་ལེའུ་གསར་མཉམ་དུ་རྩོམ”ཞེས་པའི་ཏང་འཛུགས་མཉམ་སྐྲུན་བྱེད་སྒོ་སྤེལ་ནས་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ཏེ་དངུལ་ཁང་དང་ཁེ་ལས་མཉམ་ལས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ཡོད།
བྱེད་སྒོ་སྤེལ་རིང་། ཕྱོགས་གཉིས་པོས་རང་སོ་སོའི་ཐོན་སྐྱེད་འཛུགས་སྐྲུན་དང་གཉེར་སྐྱོང་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཕྱོགས་གཉིས་པོས“ཏང་འཛུགས་སྐྱོང་དང་ལས་སྒོ”ཟུང་འབྲེལ་གྱི་མཐུན་སྦྱོར་འཕེལ་རྒྱས་གཏོང་སྟངས་ལ་དམིགས་ནས་སྤེལ་རེས་བྱས་ཏེ། རང་སོ་སོའི་སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བའི་ཉམས་མྱོང་དང་བྱེད་སྟངས་མཉམ་སྤྱོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།